ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར་དུ། ཞིང་ཆེན་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ནས2016ལོའི་ཟླ་དང་པོའི་ཟླ་སྟོད་བར་དུ། གྲོང་ཁྱེར་དང་ཁུལ་བརྒྱད་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་རེ་བརྒྱད་དང་སྡེ་ཁག ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་ཆེན། རྒྱལ་དབང་ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་དང་ཁོངས་མིའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་ཞིབ་བཤེར་དཔྱད་ཞིབ་བྱེད་རྒྱུ་ཡིན་པ་དང་། དཔྱད་ཞིབ་བྱ་བ་དེ་ད་ལྟ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས།

ཐེངས་འདིའི་ཞིབ་བཤེར་དཔྱད་ཞིབ་སྐབས་སུ་བསྡོམས་པས་ཚན་ཆུང་བཅུ་བཙུགས་ཡོད་པ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་ཆེན་དང་ཁེ་ལས་ཚན་ཆུང་གཉིས་ལས་གཞན་པའི་ཚན་ཆུང་བརྒྱད་པོ་ཚང་མ་སོ་སོར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲིན་ཀྲང་གཞོན་པས་མགོ་ཁྲིད་ཀྱིན་རེད། ཞིབ་བཤེར་དཔྱད་ཞིབ་བརྒྱུད་དེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཏང་ཨུའི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་དང་སྐབས་བཅུ་གཉིས་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་དང་། འགན་འཁྲི་གཉིས་ལག་བསྟར་བྱེད་པར་སྐུལ་འདེད་བྱེད་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཇུས་ཆོད་བཀོད་སྒྲིག་དང་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་ཁོངས་མིའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ལ་གདེང་འཇོག་བྱེད་པའི་ཐད་ཁུངས་ལུང་གལ་ཆེན་འདོན་སྤྲོད་བྱས། ཞིང་ཆེན་རིམ་པའི་ཏང་སྲིད་མགོ་ཁྲིད་ཚོ་སོ་སོར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་སོང་ནས་ཞིབ་བཤེར་དཔྱད་ཞིབ་བྱ་བ་སྤེལ་བ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཚོས་ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་མཚོན་པར་བྱས་ཡོད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཚོའི་མིག་དཔེ་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།