ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཁེ་ལས་སུ་སོང་ནས། མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་སྒྲིག་བཟོ་བྱེད་པའི་སྐོར་གྱི་གྲོས་གཞིའི་སྙིང་སྟོབས་དེ་མཛུབ་སྟོན་དུ་བྱས་ནས། གསར་སྐྲུན་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་། མིག་སྔའི་འབུར་ཐོན་འགལ་ཟླ་དང་གནད་དོན་ཐག་གཅོད་པར་གཞིགས་ནས། མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་དེ་གཙོར་བཟུང་བ་དང་། མཁོ་འདོན་དང་དགོས་མཁོ་ཕྱོགས་གཉིས་ཀའི་ཐད་ཤུགས་འདོན་པར་སྐུལ་འདེད་བྱེད་པ། རྒྱུན་མཐུད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་བཟང་བོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིངས་དགོས་ཟེར།

ལོ་ཧོས་ཉིན་ཀྲུང་གོ་གློག་ཤུགས་དངུལ་འདོན་ཉི་འོད་ནུས་པའི་ཀུང་ཟི་དང་ཉི་འོད་གློག་ཁུངས་མཚོ་སྔོན་ཚད་ཡོད་ཀུང་ཟི་རུ་སོང་ནས། ཐོན་རྫས་བཟོ་རྩལ་དང་ཚོང་རའི་ཉོ་ཚོང་། ལག་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁེ་ལས་ཀྱིས་ཐོན་རྫས་གསར་བ་གསར་སྤེལ་བྱེད་པ་དང་། ཐོན་ལས་རྒྱུ་ཐག་ཇེ་རིང་དུ་གཏོང་བ། ཚོང་རའི་ཟིན་ཚད་རྒྱ་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་ཐད་བྱས་རྗེས་འཇོག་པར་སྐུལ་སློང་བྱས།

རྟོག་ཞིབ་བྱེད་སྐབས། ལོ་ཧོས་ཉིན་གྱིས་སོ་སོར་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཁ་ཤས་ཀྱིས་མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཀྱི་བསམ་འཆར་ལ་ཉན།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། ཕྱོགས་སོ་སོའི་བརྩོན་སེམས་ཆེར་བསྐྱེད་པ་དང་། སྲིད་གཞུང་དང་ཁེ་ལས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཚོང་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་གཏན་ཁེལ་ནུས་པ་འདོན་སྤེལ་བྱེད་དགོས། སྲིད་གཞུང་གིས་སྲིད་འཛིན་མཆན་བཀོད་ལམ་ལུགས་ཐད་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གནད་དོན་ལ་ཞིབ་འཇུག་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཆེད་ལས་ཆུ་ཚད་མཐོར་འདེགས་བྱེད་པར་སྐུལ་འདེད་གཏོང་དགོས། ཁེ་ལས་སོ་སོས་ཆེ་ཕྱོགས་སྲིད་ཇུས་ཀྱི་འགྲོ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཁེ་ལས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕན་ཡོད་བྱེད་ཐབས་སྤྱད་དེ་རང་སྟེང་གི་གནད་དོན་ཐག་གཅོད་པ། མུ་མཐུད་ནས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མཁོ་འདོན་གྱི་བཅོས་བསྒྱུར་ཐད་ནས་རྒྱལ་ཁ་ཐོབ་པར་འབད་བརྩོན་བྱེད་དགོས་ཟེར།

ཀྲང་ཅན་མེན་དང་ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན། ཝང་ལིས་མེན་བཅས་སོ་སོར་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུ་ལ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།