ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས«བརྡ་སྦྱོར»སྤེལ་ནས། ལུགས་རྙིང་ལོ་སར་དང་ལུགས་གསར་ལོ་སར་སྐབས་སུ་མང་ཚོགས་རིག་གནས་བྱ་འགུལ་སྤེལ་བའི་ཐད་བཀོད་སྒྲིག་བྱས།

«བརྡ་སྦྱོར»ལས་བསྟན་དོན། 2016ལོ་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་མང་ཚོགས་རིག་གནས་བྱ་འགུལ་དེ། གཙོ་བོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་དང་དམིགས་ནས་སྤེལ་བ་དང་། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་ཐད་ཀྱི་དགོས་མཁོ་བསྐངས་ཏེ། ཧུར་ཐག་གིས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ་དང་། མཐོ་ས་གཅིག་གསར་སྐྲུན་བྱེད་པའི་ཐད་སྟོབས་དང་ལྡན་པའི་རིན་ཐང་གི་སྣེ་ཁྲིད་ནུས་ཤུགས་དང་རིག་གནས་ཀྱི་གོང་བུར་བསྒྲིལ་ཤུགས། སྙིང་སྟོབས་ཀྱི་སྐུལ་འདེད་ནུས་པ་འདོན་སྤྲོད་བྱེད་དགོས་ཟེར།

བརྡ་སྦྱོར་ལས་ནན་གྱིས་བསྟན་དོན། མང་ཚོགས་རིག་གནས་བྱ་འགུལ་གྱིས་གཙོ་གཉེར་སྡེ་ཁག་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ཚན་རྩལ་དང་འཁྲབ་སྟོན། གློག་བརྙན། དཔེ་ཆ་ལ་སོགས་རིག་གནས་གཞི་རིམ་དུ་སྐྱེལ་བའི་མུ་འབྲེལ་བྱ་འགུལ་བཟང་བོ་སྤེལ་དགོས། རིམ་པ་སོ་སོའི་རིག་གནས་ཁང་དང་དཔེ་མཛོད་ཁང་། རྟེན་མཛོད་ཁང་། ལུས་རྩལ་ཁང་དང་ཞང་དང་གྲོང་བརྡལ་གྱི་རིག་གནས་ས་ཚིགས་དང་རིག་གནས་ཁང་། གྲོང་གསེབ་སྡོད་ཁུལ་གྱི་བྱ་འགུལ་ས་ཚིགས། རོང་འབྲོག་དམངས་ཀྱི་ལས་གསེང་ཟློས་གར་ཚོགས་པ། སྤྱི་བའི་ཐང་ཆེན་སོགས་ཀྱིས། སྤྱི་བའི་རིག་གནས་ཞབས་ཞུའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དེ་དག་མང་ཚོགས་རིག་གནས་བྱ་འགུལ་གྱི་གཡུལ་ས་གཙོ་བོར་གྱུར་བར་བྱེད་དགོས། རིམ་པ་སོ་སོའི་གསར་འགྱུར་སྨྱན་བྱད་ཀྱིས་དུས་ཆེན་སྐབས་ཀྱི་བྱ་འགུལ་བཀོད་སྒྲིག་གཞིར་བཟུང་ནས། རིམ་པ་མང་བ་དང་ཟུར་སྣ་མང་བའི་སྒོ་ནས་རྗེས་འདེད་བརྒྱུད་སྒྲོག་བྱེད་པ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་ལུགས་གསར་རྙིང་ལོ་སར་སྐབས་ཀྱི་རིགས་མི་འདྲ་བའི་རིག་གནས་བྱ་འགུལ་སྣ་ཚོགས་ཀྱི་གནས་ཚུལ་མཚོན་པར་བྱས་ཏེ། དུས་ཆེན་གྱི་རིག་གནས་སྣང་ཚུལ་སྟུག་པོ་བསྐྲུན་དགོས་ཟེར།

«བརྡ་སྦྱོར»ལས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ལག་ལེན་མཐར་ཕྱིན་བྱེད་པ་དང་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་བའི་རེ་བ་ལྟར་དུ། བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་ཚོང་ར་དག་གཙང་དུ་བསྒྱུར་བ། གྲོན་ཆུང་སྒོས་བྱ་འགུལ་སྤེལ་བར་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་ཐང་སྤྲོ་སྐྱིད་ཀྱི་དུས་ཆེན་རིག་གནས་རྩེད་འཇོའི་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་དགོས་བའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།