ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྐང་ཚ་རྫོང་གིས་དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱས་ཏེ་ཁོ་ཚོའི་འཚོ་བའི་ཆ་རྐྱེན་མཐོར་འདེགས་བཏང་ནས་ཁོ་ཚོར་ནུས་ཡོད་ཀྱི་རོགས་སྐྱོར་དངོས་ཐོབ་པར་བྱེད་ཆེད། གཅིག་བསྡུས་ཀྱིས་དབང་བོ་སྐྱོན་ཅན་ཚབས་ཆེན་ལ་སྙོར་སྐྱོང་བྱེད་པའི་བྱ་བ་དངོས་སུ་མགོ་བརྩམས།

རྒྱུས་ལོན་ལྟར་ན། རྐང་ཚ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་བཅུ་བའི་ནང་ཟླ་གཅིག་གི་དུས་ཚོད་བེད་སྤྱད་དེ་རྫོང་ཡོངས་ཀྱི་དབང་བོ་སྐྱོན་ཅན་ཁྲོད་ནས་སྙོར་སྐྱོང་གི་ཆ་རྐྱེན་དང་འཚམས་པའི་མི་བཅུ་བདམས་པར་མ་ཟད། ད་དུང་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་ཏེ་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཉིན་མོར་དངོས་སུ་ཁོ་ཚོ་རྫོང་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་སྡོད་དུ་བཅུག་པ་རེད། བྱེད་ཐབས་འདི་ལག་བསྟར་བྱས་པ་བརྒྱུད་ནས་སྔར་ལས་མང་པོའི་དབང་བོ་སྐྱོན་ཅན་ཚབས་ཆེན་ཚོར་གཟིགས་སྐྱོང་དང་བདེ་ཐང་གི་ཞབས་ཞུ་མྱོང་དུ་བཅུག་པ་དང་རྒྱུན་ཆད་མེད་པར་ཁོ་ཚོའི་རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་བསྐྱེད་དེ་ཁོ་ཚོ་རང་སྟེང་གི་དཔལ་འབྱོར་ཁུར་བོ་དང་ཁྱིམ་ཚང་གི་སེམས་ཁྲལ་ཇེ་ཡང་དུ་བཏང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།