ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཕོངས་མང་ཚོགས་ལ་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་དངོས་འབེབས་བྱེད་ཆེད། ཉེ་ལམ། ཞིང་ཆེན་ནོར་སྲིད་ཕྱོགས་ནས་མ་དངུལ་སྒོར་དུང་ཕྱུར2.34ཧྲག་བསྡུ་བྱས་ཏེ། ཡང་བསྐྱར་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་གྱི་དྲོད་འདོན་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ་དང་། མཁར་གྲོང་གི་དབུལ་ཕོངས་མང་ཚོགས་ལ་འཚོ་བའི་ཁ་གསབ་བཀོད་སྒྲིག་བྱས་པ་དང་། ཟླ12པའི་ཚེས15ཉིན་མ་དངུལ་ཡོངས་རྫོགས་དབུལ་ཕོངས་མང་ཚོགས་ལག་ཏུ་བཞག

ཞིང་ཆེན་ནོར་སྲིད་ཐིན་གྱི་འབྲེལ་ཡོད་འགན་ཁུར་བའི་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་དབུལ་ཕོངས་མང་ཚོགས་ལ་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.87བཏང་བ་ནི་གཙོ་བོར་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་མྱོང་མཁན་དང་ཞིང་སྡེའི་ལྔ་སྐྱོང་བྱེད་ཡུལ། རྒྱལ་ཁབ་ཀྱི་གཟིགས་སྐྱོང་ཁ་གསབ་བྱེད་ཡུལ་དང་ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་གི་སྔོན་ལ་ཏང་ནང་དུ་ཞུགས་པའི་ཞིང་སྡེའི་ཏང་ཡོན་རྒན་པ། ལས་འཁྱེར་ངལ་གསོ་བྱས་རྗེས་གླ་ཕོག་མེད་པའི་མཁར་གྲོང་གི་ཏང་ཡོན་རྒན་པར་ཁ་གསབ་བྱེད་རྒྱུ་ཡིན་པ་དང་། མ་དངུལ་འགྲེམ་གཏོང་བྱེད་པའི་ཚད་གཞི་ལ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་མྱོང་མཁན་ལ་མི་རེར་སྒོར400དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་མྱོང་མཁན་དང་ལྔ་སྐྱོང་ཁྱིམ་ཚང་ལ་མི་རེར་སྒོར300། རྒྱལ་ཁབ་ཀྱི་གཟིགས་སྐྱོང་ཁ་གསབ་བྱེད་ཡུལ་དང་ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་གི་སྔོན་ལ་ཏང་ནང་དུ་ཞུགས་པའི་ཞིང་སྡེའི་ཏང་ཡོན་རྒན་པར་ཟླ་རེར་སྒོར460བཅས་ཡིན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།