ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་ཤེས་གསལ་ལྟར་ན། ད་ལོར་རང་ཞིང་གི“1020”སྐྱེ་ཁམས་ཞིང་ཕྱུགས་ལས་གཙོ་གནད་ཚན་རྩལ་རྒྱབ་བརྟེན་བཟོ་འགོད་ལས་བསྡོམས་པས་ཚན་རྩལ་འཆར་འགོད་རྣམ་གྲངས43བཀོད་སྒྲིག་བྱས་ཡོད་པ་དང་། མ་དངུལ་བསྡོམས་པས་སྒོར་དུངཕྱུར4.64བཏང་། རྣམ་གྲངས་ལག་བསྟར་བྱས་རྗེས། སྔོན་དཔག་ལྟར་ན་ཚན་རྩལ་ཕྱོགས་ནས་གྲུབ་འབྲས68དང་། ཆེད་ཁེ47བཅས་ཐོབ་ཡོད་པས། རོང་འབྲོག་པའི་ཡོང་སྒོ་སྒོར་དུང་ཕྱུར3.43ལ་སླེབས།

ད་ལོ་ནས་བཟུང་། “1020”བཟོ་འགོད་ལས་གཙོ་བོར་རང་ཞིང་གི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་ལས་བཅུ་ལ་ཁ་ཕྱོགས་ནས། ཕྱོགས་དུ་མའི་སྟེང་ནས་ཚན་རྩལ་རྒྱབ་བརྟེན་བྱེད་རྒྱུ་རེད། གཅིག་ནི་འབྲུ་རིགས་སྐྱེ་དངོས་ཕྱོགས་བསྡུས་ཐོན་འཕར་ལག་རྩལ་འདུས་གྲུབ་དཔེ་སྟོན་དང་ཁྱབ་གདལ་ཡིན་ལ། གཙོ་བོ་སྐེ་ཚེ་དང་ནས་སོགས་རིགས་བདུན་ཁྱབ་གདལ་བྱེད་རྒྱུ་ཡིན་པ་དང་འདེབས་འཛུགས་ལག་རྩལ་བཀོལ་དེ་ཐོན་སྐྱེད་ནུས་ཤུགས་སྔོག་འདོན་བྱེད་པ། གཉིས་ནས་སྒྲིག་ཆས་སྔོ་ཚོད་ཕྱོགས་ནས་གཙོ་བོར་་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་ཞིང་ལས་ཚན་རྩལ་ར་བ་སོགས་ནས་སྔོ་ཚོད་འདེབས་འཛུགས་ས་གཞིའི་དོ་དམ་གཞིར་བྱས་ཏེ། ཕན་ཁེ་མཐོ་བའི་ལུད་རྫས་གཏོང་བའི་ལག་རྩལ་འདུས་གྲུབ་ཁྱབ་གདལ་དུ་བཏང་ནས། མཐོ་སྒང་དུ་སྒྲིག་ཆས་སྔོ་ཚོད་ཐོན་སྐྱེད་ཚད་ལྡན་མ་ལག་འཛུགས་སྐྲུན་བྱེད་པ། གསུམ་པ་ནི་ཁ་དབུགས་ཞན་ས་ནས་སྤུས་ལེགས་ཕྱུགས་རྩྭ་འདེབས་འཛུགས་ལག་རྩལ་འདུས་གྲུབ་དཔེ་སྟོན་དང་ཁྱབ་གདལ་དུ་གཏོང་བ་དང་། བཞི་ནི་ནོར་དང་བོད་ལུག་གི་ཕན་ཁེ་མཐོ་བའི་གསོ་སྤེལ་རྣམ་པ་ཁྱབ་གདལ་དུ་གཏོང་བ་དང་། ཕྱུགས་ཟོག་གསོ་སྤེལ་དང་རང་བྱུང་རྩྭ་ས་འོས་འཚམ་གྱི་བེད་སྤྱོད་བྱེད་པ་སོགས་ལག་རྩལ་འདུས་པའི་ཕན་ཁེ་མཐོ་བའི་ནོར་ནག་གསོ་སྤེལ་རྣམ་པ་ཁྱབ་གདལ་དུ་བཏང་བ་བཅས་རེད།  །

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།