ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅོ་ལྔ་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་གིས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་རྣམ་པ་དང་བདག་གཉེར་ནང་རྐྱེན་བསྒྱུར་བཅོས་བྱས་ནས་ཕྱོགས་ཡོངས་ནས་ཞིང་ཕྱུགས་ལས་དེ་ལེགས་བསྡུས་ཞིབ་བཤེར་ཅན་དང་ཐོན་ལས་ཅན། དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་བཏང་ནས་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་ཆེནཔོ་བཏོན་པ་རེད།

 སྔོན་དཔག་བྱས་ན། ད་ལོའི་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་ལྷག་ལ་སླེབས་པ་དང་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཅུ་འཕར་བ་དང་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་དགུ་ལྷག་ལ་སླེབས་ཡོད་ལ་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་གསུམ་འཕར་བ་རེད། ད་ལོའི་ལོ་མགོ་ནས་བཟུང་། མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་མཚོ་ལྷོ་ཁུལ་གྱི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་མཛུབ་སྟོན་བསམ་འཆར་གཞིར་བཟུང་ནས་རིགས་སོ་སོའི་ཞིང་བ་སྟོབས་ལྡན་དུ་གཏོང་བ་དང་ཞིང་བར་ཕན་བདེ་བསྐྲུན་པའི་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཐོན་སྐྱེད་གཙོར་འཛིན་པ་དང་གནོད་འཚེར་སྔོན་འགོག་བྱེད་པ། སྐྱེ་ཁམས་ཕྱུགས་ལས་ལ་མ་དངུལ་གཏོང་བ། རིགས་སོ་སོའི་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་བྱས་པས་ཞིང་ཕྱུགས་ལས་ཀྱི་བདག་གཉེར་གྲུབ་ཆ་གཙོ་བོར་འཕེལ་རྒྱས་ཆེན་པོ་བྱུང་ནས་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཐོན་སྤེལ་དང་སྐྱེ་འཕེལ་མངོན་འགྱུར་བྱུང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།