ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཚེས་བཅོ་བརྒྱད་ཉིན«ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི»དང་། «ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཐག་གཅོད་པའི་སྲོལ་ཡིག»སྙན་ཞུར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྙན་འཕྲིན་ཚོགས་འདུ་བསྡུས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཁྲིམས་སྲོལ་ཁང་གི་ཀྲུའུ་རིན་གཞོན་པ་ཐན་ཧོན་མེན་གདན་དྲངས་ནས་རང་ཞིང་གི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཆེད་དོན་ཟུར་ཁྲིད་བྱེད་དུ་བཅུག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས། སྙན་ཞུའི་ཚོགས་འདུའི་སྟེང་། ཐན་ཧོན་མེན་གྱིས«ཚད་གཞི»དང་«སྲོལ་ཡིག»བཟོ་བཅོས་བྱེད་པའི་གནས་ཚུལ་དང་མདོར་བསྡུས་ཀྱི་གོ་རིམ། བཟོ་བཅོས་བྱེད་ས་གཙོ་བོ་དང་། ཁོང་དུ་ཆུད་དགོས་ས་ཁ་ཤས། སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་བསྟར་དངོས་འབེབས་བྱེད་སར་ཕྱོགས་བཞིའི་ཐད་ནས་ཟུར་ཁྲིད་བྱས་ཤིང་། སྙན་ཞུ་ལ་བསམ་བློ་རང་བཞིན་དང་སྲིད་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་ལྡན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རེབ་འདིའི་ཆེད་དོན་ཟུར་ཁྲིད་གོ་སྐབས་སུ་བརྩིས་ནས། སློབ་སྦྱོང་དང་དྲིལ་སྒྲིག་བྱ་བ་རྒྱུན་སྲིང་ངང་གཏིང་ཟབ་དུ་སྤེལ་དགོས་པ་དང་། སློབ་སྦྱོང་ནན་མོ་བྱས་ནས། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཏང་ཡོན་རེ་རེའི་སེམས་ཁོངས་སུ་གཏོགས་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་། ཏང་ཙུའུ་ཡིས་ནན་ཏན་སྒོས་འགན་ཁུར་གཙོ་བོ་ལག་བསྟར་བྱས་ནས། སྒྲིག་ཁྲིམས་དང་ཁྲིམས་སྲོལ་ལྟར་ཏང་དོ་དམ་དང་ཏང་བཅོས་ནན་མོ་བྱེད་དགོས་པ་དང་། སྒྲིག་ཁྲིམས་ནན་མོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་རེ་བ་ལྟར“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ལག་བསྟར་དང་། བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ། བོད་ཁུལ་སྲུང་སྐྱོང་དང་བརྟན་འཇགས་བྱེད་པ། དབུལ་སྐྱོར་མཁྲེགས་གཏོར་དང་སང་ལོའི་སྐབས་བརྗེའི་བྱ་བ་སྣ་ཚོགས་ཁྲོད་དུ་ལག་བསྟར་དང་དངོས་འབེབས་བྱེད་དགོས། ནན་ཏན་སྒོས“ལས་གནས་གཅིག་ལ་འགན་ཁུར་གཉིས”ཀྱི་བྱ་བ་ལག་བསྟར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་དང་ཏང་གི་ཁྲིམས་སྲོལ་བྱ་བ་དམ་འཛིན་བྱས་ནས་དོ་དམ་ནན་མོ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ནན་ཏན་སྒོས་ལྟ་སྐུལ་འགན་ཁུར་ལག་བསྟར་བྱས་ནས་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།