ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་གླེང་སྟེགས་སྐབས་དགུ་བ་བསྡུས་པ་དང་། གླེང་སྟེགས་སྟེང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིས་སུང་ཧྲན་གདན་འདྲེན་བྱས་ཏེ་མིག་སྔར་འཛམ་གླིང་རྒྱལ་ཁབ་ཆེན་མོའི་འཐབ་ཇུས་བསྒྱུར་བར་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས།

 མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན། ཞིང་ཆེན་དམག་ཁུལ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་གོ་ཅན་ཅོན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ཡོངས། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཁ་ཤས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྲིད་གྲོས་ལས་བྱེད་པ་ཁ་ཤས་བཅས་ཀྱིས་འཆད་ཁྲིད་ལ་ཉན།

ལིས་སུང་ཧྲན་གྱིས་དུས་ཡུན་རིང་བོར་འཐབ་འཛིང་དམག་དཔུང་དང་མགོ་ཁྲིད་ལས་རྐང་དུ་བྱ་བ་ལས་པའི་རྐྱེན་གྱིས། དེང་སྐབས་ཀྱི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་འཛམ་གླིང་རྒྱལ་ཁབ་ཆེན་པོའི་འཐབ་ཇུས་བསྒྱུར་བ་སོགས་ཀྱི་གནད་དོན་ཐད་ནས་གཞན་དང་མི་འདྲ་བའི་ལྟ་ཚུལ་ཡོད་པ་མ་ཟད། དེའི་ཐད་དབྱེ་ཞིབ་ཟབ་མོ་བྱས། འཆད་ཁྲིད་དེ་བརྗོད་དོན་ལ་དམིགས་ནས། མིག་རྒྱ་ཆེན་པོ་དང་ཤེས་ཚོར་རྣོན་པོ། གསོན་ཉམས་ལྡན་པའི་སྐད་ཆའི་ལམ་ནས། དེང་སྐབས་འཛམ་གླིང་རྒྱལ་ཁབ་ཆེན་པོའི་དམག་དོན་འཐབ་ཇུས་གཙོ་བོའི་རྣམ་པ་དང་རྒྱལ་ཁབ་ཆེན་པོའི་དམག་དོན་འཐབ་ཇུས་ཀྱི་སྤྱིའི་འཕེལ་རྒྱས་འགྲོ་ཕྱོགས་སོགས་གནད་དོན་ཐད་ནས་གསལ་བཤད་གཏིང་ཟབ་བྱས་ཏེ། སྲིད་གྲོས་ཨུ་ཡོན་རྣམས་ཀྱི་མིག་རྒྱ་ཇེ་ཆེར་བཏང་བ་དང་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བ་སྒྲུབ་མཁན་རྣམས་ལ་སློབ་སྦྱོང་གོ་གོ་སྐབས་བཟང་བོ་འདོན་སྤྲོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།