ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབོད་སྐུལ་དང་ལེན་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཕ་རི་སིའི་ནམ་ཟླའི་གྲོས་ཚོགས་སྟེང་གི་དམ་བཅའ་ལག་ལེན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་དུ། ཞིང་ཆེན་ཡོངས་ནས་དབྱང་གཉིས་ཐན་དབུགས་ཕྱིར་འབུད་ཚད་ཇེ་ཉུང་དུ་གཏོང་བའི་བྱ་བའི་གྲོས་ཚོགས་བསྡུས། ཚོགས་འདུའི་སྐབས་སུ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གནམ་གཤིས་ཟི་ཡི་ཟི་ཀྲང་གཞོན་པ་ཅཱང་ཀྲའོ་ལིས་དང་རྒྱལ་ཁང་གནམ་གཤིས་འཐབ་ཇུས་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཞུས་ཧྭ་ཆིན། ཆིན་ཧྭ་སློབ་ཆེན་སོགས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཕ་རི་སིའི་ནམ་ཟླའི་གྲོས་ཚོགས་སྟེང་གི་གསུངས་བཤད་གལ་ཆེན་བརྒྱུད་སྒྲོག་དང་། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་གྱི་མཚོ་སྔོན་ཞིང་ཆེན་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་ཀྱི་བྱ་བའི་གནས་ཚུལ་དང་དེའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་། 2016ལོ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ཐན་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པའི་ཐད་རེ་བ་བཏོན།

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་མགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དཀའ་ངལ་ཁྱད་སེལ་བྱས་ཏེ། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཐད་ཤུགས་སྣོན་པ་དང་། ནུས་ཁུངས་བཀོལ་སྤྱོད་ཐད་ཀྱི་ལས་ཆོད་མཐོར་འདེགས་བྱེད་པ། ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ནགས་ཚལ་ཐན་ཁ་སྣོན་བྱེད་པ། ཐན་ཉུང་ཚོད་ལྟའི་དཔེ་སྟོན་བྱ་བ་སྤེལ་བ། ནོར་སྲོད་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། དམིགས་འབེན་འགན་འཁྲི་བགོ་བཤའ་དང་དཔྱད་ཞིབ་ཐད་ཤུགས་སྣོན་པ་སོགས་ཀྱི་ནུས་ལྡན་བྱེད་ཐབས་སྤྱད་དེ། ཐན་ཇེ་ཉུང་དུ་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཡིན་ན་ཡང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་དང་ལྷག་པར་དུ་དུས་ཡུན་དེ་ལས་ཀྱང་རིང་བོ་ཞིག་ལ། མཚོ་སྔོན་ཞིང་ཆེན་གྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱ་བའི་ཐད་ནས་སྔར་བཞིན་འགྲན་རྩོད་ཆེན་པོ་དང་དཀའ་ཁག་མང་པོ་ཡོད་པས། ཐེངས་འདིའི་གྲོས་ཚོགས་བསྡུས་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་མིག་སྔའི་གནས་བབ་ལ་ངོས་འཛིན་སྔར་ལས་གསལ་བོ་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། འབྲེལ་ཡོད་སྡེ་ཁག་སོ་སོའི་ཐན་ཇེ་ཉུང་དུ་གཏོང་བའི་བྱ་བའི་ཐད་ཀྱི་དོ་དམ་དང་ལྟ་སྐུལ་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་པ། ཁེ་ལས་ཀྱིས་ཐན་ཇེ་ཉུང་དུ་གཏོང་བའི་ཐད་ཀྱི་འགན་འཁྲི་གཙོ་བོ་གཏན་ཁེལ་བྱེད་པ།མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ཐན་ཇེ་ཉུང་དུ་གཏོང་བའི་ཚོད་འཛིན་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱ་བའི་ཐད་རྨང་གཞི་བརྟན་པོ་འདིང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།