ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་གསོ་སྦྱོང་ལ་བརྟེན་ནས་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བྱེད་པ་དང་། ལྟ་སྐུལ་དོ་དམ་ལ་བརྟེན་ནས་མཐོར་འདེགས་བྱེད་པར་སྐུལ་འདེད་བྱེད་པའི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་བྱ་བའི་བསམ་ཕྱོགས་ཕྱིར་བཏོན་ནས། དྲིལ་སྒྲོག་དང་སློབ་གསོ། གསོ་སྦྱོང་། ཁྲིམས་འཛིན་བཅས་ཟུང་འབྲེལ་བྱས་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ། ཚན་རིག་ལྟར་ལྟ་སྐུལ་དོ་དམ་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་དང་མང་ཚོགས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་ལ་འགན་སྲུང་བྱས།

གཅིག་ནི་མཛེས་འཆོས་བྱུག་རྫས་ཚོང་གཉེར་བྱེད་མཁན་ཚོར་གསོ་སྦྱོང་བྱས་པ་སྟེ། རྩེ་ཁོག་རྫོང་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་ཡོངས་ཀྱི་མཛེས་འཆོས་བྱུག་རྫས་ཀྱི་བྱ་བ་སྒྲུབ་མཁན་བཅོ་བརྒྱད་ལ་གསོ་སྦྱོང་སྤེལ་ནས། མཛེས་འཆོས་བྱུག་རྫས་ཀྱི་གཙང་སྦྲའི་ལྟ་སྐུལ་སྲོལ་ཡིག་དང་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་སོགས་འབྲེལ་ཡོད་གཏན་ཁེལ་ལ་སློབ་སྦྱོང་བྱས་པ་དང་། མཛེས་འཆོས་བྱུག་རྫས་ཀྱི་ཉོ་ཚོང་རྩིས་ཐོ་དང་ཚོང་འདྲེན་ཞིབ་བཤེར་དང་ཞིབ་བཤེར་རྩིས་ལེན་སོགས་འབྲེལ་ཡོད་རྒྱུད་རིམ་ཚད་ལྡན་དུ་བཏང་ལ། བདེ་སྲུང་ཟས་རིགས་དང་མཛེས་འཆོས་བྱུག་རྫས་ཀྱི་ཤོག་བྱང་མཚོན་རྟགས་དོ་དམ་གཏན་ཁེལ་བྱེད་པ་སོགས་བྱས་ནས། རྒྱ་ཆེའི་འཛད་སྤྱོད་པ་ཚོས་སེམས་བདེ་མོས་མཛེས་འཆོས་བྱུག་རྫས་བཀོལ་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱས།

གཉིས་ནི་ཉིན་རྒྱུན་གྱི་འོ་བཟོས་ཐོན་རྫས་ཀྱི་ལྟ་སྐུལ་འཐེན་ཞིབ་བྱ་བ་ཉིན་རྒྱུན་ཅན་དུ་འགྱུར་བར་བྱེད་པ་དང་། ཉིས་སྟོང་བཅོ་ལྔ་ལོར། རྩེ་ཁོག་རྫོང་གིས་ཐེངས་མང་པོར་ཕྱུགས་ལས་ཐོན་རྫས་འཕེལ་རྒྱས་གནས་ཚུལ་དང་དེའི་ཐད་གནས་པའི་དཀའ་ཁག་ཞིང་ཆེན་དང་རྨ་ལྷོ་ཁུལ་གྱི་ཟས་རིགས་སྨན་རྫས་དོ་དམ་ཅུའུ་ལ་ཡར་ཞུ་བྱས་པར་མ་ཟད། ཞོ་དང་འོ་བཟོས་ཐོན་རྫས་གཞན་པར་ཐེངས་ལྔར་རིན་པ་མ་བླངས་བར་འཐེན་ཞིབ་བྱེད་པ་སོགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སེམས་བདེ་ཟས་རིགས་ཟ་ཐུབ་པར་འགན་སྲུང་བྱས།

གསུམ་ནི་སྨན་རྫས་སིལ་འཚོང་ཁེ་ལས་ཀྱི་སྨན་རྫས་ཚོང་གཉེར་བྱེད་ཆོག་པའི་འཛིན་ཡིག་ལ་བརྗེ་སྤོར་བྱས། ཁེ་ལས་ཀྱིས་སྨན་རྫས་མཁོ་འདོན་ཚད་ལྡན་འཛིན་ཡིག་དང་ཚོང་གཉེར་བྱེད་ཆོག་པའི་འཛིན་ཡིག་བརྗེ་སྤོར་བྱེད་པའ་བྱ་བར་སྐུལ་འདེད་བྱས་པ་དང་། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་བྱ་བ་དང་ཟུང་འབྲེལ་བྱས་ནས། ཁེ་ལས་སུ་སོང་ནས་རེ་རེ་བཞིན་ཞིབ་བཤེར་བྱེད་པ་སོགས་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།