ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་བརྒྱད་ཉིན་ཀྲུའུ་རིན་གྲོས་ཚོགས་ཐེངས་རེ་དྲུག་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། སྟག་འབུམ་ཐར། ཚོ་ཝུན་ཧུའུ། མཱ་ཝེ། ཚོ་ཧོང་། དྲུང་ཡིག་ཆེན་མོ་ཚེ་ཏི་ཀོས་སོགས་གྲོས་ཚོགས་སུ་ཞུགས། མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བའི་གྲོས་གཞི་དང་ཚོགས་འདུ་ཚོགས་པའི་དུས་ཚོད་ལ་གྲོས་བསྡུར་བྱས་པ་མ་ཟད། གཞུང་སྒྲུབ་ཐིན་དང་། འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཀྱི་གྲོས་གཞིའི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་ཉན།

གྲོས་ཚོགས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས«མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་དོ་དམ་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ»དང་། «སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ»ལ་གྲོས་ཞིབ་བྱས་པ་དང་གྲོས་སྡུར་གྱི་བསམ་འཆར་བཏོན།

གྲོས་ཚོགས་ནས་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་དྲུང་ཡིག་ཆེན་མོ་གཞོན་པའི་གདམ་མིའི་མིང་ཐོ་འཆར་ཟིན་དང་ལས་བགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞི་ཚོགས་པའི་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ཀྱི་ཆོད་དོན་འཆར་ཟིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀྲུའུ་ཞིའི་སྟེགས་བུར་སྡོད་པའི་མི་སྣའི་མིང་ཐོའི་འཆར་ཟིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་གཞི་བརྡས་ཐག་གཅོད་ཐབས་ཀྱི་འཆར་ཟིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་ཉིན་རིམ་འཆར་ཟིན་བཅས་ལ་གྲོས་བསྡུར་བྱས།

གྲོས་ཚོགས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དྲུག་ལོའི་ཁྲིམས་འཛུགས་འཆར་གཞིའི་འཆར་ཟིན་དང་དེ་མིན་ཉིས་སྟོང་བཅུ་དྲུག་ལོའི་ལས་གཞིར་ཆོག་མཆན་འགོད་པར་ཡར་ཞུ་བྱེད་པའི་བྱ་བའི་འཆར་གཞིའི་འཆར་ཟིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དྲུག་ལོའི་ལྟ་སྐུལ་བྱ་བའི་འཆར་གཞིའི་འཆར་ཟིན། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་དྲ་རྒྱ་འགན་འཁྲི་ལག་བསྟར་སྟེགས་བུ་དོ་དམ་གནས་སྐབས་ལག་བསྟར་བྱེད་ཐབས་འཆར་ཟིན་བཅས་ལ་གྲོས་བསྡུར་བྱས།

གྲོས་ཚོགས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལྟ་སྐུལ་བྱ་བའི་གཞུང་སྒྲུབ་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དྲུག་ལོའི་ཆེད་དོན་འཆད་ཁྲིད་བཀོད་སྒྲིག་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་བཅོ་ལྔ་ལོའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྒྱུན་ལས་གྲོས་ཚོགས་སུ་ཞུགས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་དོན་འཐུས་མི་འདེམ་བསྐོ་བྱ་བའི་ཨུ་ཡོན་ལྷན་ཁང་། ལྟ་སྐུལ་བྱ་བའི་གཞུང་སྒྲུབ་ཁང་བཅས་ཀྱི་འགན་ཁུར་བ་དང་། གཞུང་སྒྲུབ་ཐིན་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྲོས་ཚོགས་སུ་ཟུར་དུ་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།