ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅོ་ལྔ་ལོར། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་ཀྱི་ཁུར་བོ་འཕྲོ་རིམ་འཕྲོར་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་ལའང་དཀའ་ཁག་ཆེན་པོ་ཐེབས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་རང་འགུལ་གྱིས་དཔལ་འབྱོར་གྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ནས། ཐོན་ཚད་བརྟན་འཇགས་དང་འཕར་སྣོན་གཏོང་བ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དེ་རང་གི་འགན་ཁུར་དུ་བརྩིས་ནས། ཧུར་ཐག་སྒོས་རིགས་སོ་སོའི་བྱ་བའི་སྟོབས་ཤུགས་བཀོལ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་བྱེད་པར་རོགས་རམ་བྱས།

ཉིས་སྟོང་བཅོ་ལྔ་ལོའི་དུས་ཚིགས་གསུམ་པའི་དུས་མཇུག་བར་དུ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་བསྡོམས་པས་ཁང་རྙིང་བསྒྱུར་བཀོད་བྱེད་པའི་ཐད་ལ་མ་དངུལ་སྒོར་མོ་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་གཅིག་བཏང་ཞིང་། དེའི་ནང་ཉིས་སྟོང་བཅོ་ལྔ་ལོར་མ་དངུལ་སྒོར་མོ་ཐེར་ཆེན་གཅིག་དང་བྱེ་བ་དྲུག་བཏང་ནས། ཁང་རྙིང་བསྒྱུར་བཀོད་ཁུལ་གྱི་ཁྱིམ་ཚང་འབུམ་གཉིས་དང་ཁྲི་གཅིག་སྟོང་བཞི་ལྷག་ལ་ཕན་བཏགས།

རྒྱལ་ཁབ་ཀྱིས་རྒྱུད་གཅིག་ལམ་གཅིག་གི་འཐས་ཇུས་བཏོན་པའི་ཚུན་ལ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་རྒྱབ་སྐྱོར་འོག མཚོ་སྔོན་གྱི་རིམ་པ་གཅིག་ཅན་གྱི་མྱུར་བགྲོད་གཞུང་ལམ་ལས་ནས་སྤྱི་ལེ་སྟོང་གསུམ་ལྷག་ཏུ་བསླེབས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།