ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧེ་གྲོང་རྡལ་གོ་ལིས་མུའུ་སྡེ་གསར་དང་ཁི་ལུའུ་ཁི་གྲོང་རྡལ་ལེན་ཧུའུ་སྡེ་བ་སོགས་ས་ཆར་སོང་ནས་དབུལ་སྐྱོར་གསར་སྤེལ་བྱ་བར་ཡུལ་དངོས་རྟོག་ཞིབ་བྱས་པར་མ་ཟད། དཀའ་ཁག་མང་ཚོགས་དང་གཞི་རིམ་ལས་བྱེད་པ། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་བཅས་ལ་འཚམས་འདྲི་བྱས།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། དབུལ་སྐྱོར་མཁྲེགས་གཏོར་དེ་གནད་ཁེལ་དབུལ་སྐྱོར་ལ་འབྲེལ་བ་ཡོད་པས། མཐིལ་རྟོགས་པར་བྱེད་པ་དང་གནས་ཚུལ་ཞིབ་དཔྱད་བྱེད་པའི་སྟེང་ཤུགས་འདོན་དགོས་ཏེ། གཅིག་ནི་དམིགས་འབེན་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་དགོས་ན་གཏན་ཁེལ་བྱས་པའི་ཆ་རྐྱེན་དང་རྒྱུད་རིམ་ལྟར་དུ་དབུལ་ཕོངས་མི་གྲངས་ལ་དབྱེ་འབྱེད་གསལ་བོ་བྱེད་པ་ལས། དབུལ་ཕོངས་ཁྱིམ་ཚང་གཅིག་ཀྱང་ཆད་ལུས་མེད་པར་བྱེད་པ་དང་། དབུལ་ཕོངས་མིན་པའི་མི་གྲངས་དེའི་ཁྲོད་གཏན་ནས་འཇོག་མི་རུང་། གཉིས་ནི་ལམ་བུ་ཡང་དག་འཚོལ་བ་དང་སྟོབས་ཤུགས་ཡང་དག་འདོན་པའི་སྟེང་ཤུགས་འདོན་དགོས་ཏེ། ས་བབ་དང་བསྟུན་པ་དང་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་དབུལ་སྐྱོར་དང་ས་གཞན་དུ་གནས་སྤོར་བ། སློབ་གསོ་གསོ་སྦྱོང་སོགས་ཀྱི་བྱ་བའི་སྟེང་སྤེལ་ནས། དབུལ་ཐར་བྱ་བའི་གྲུབ་འབྲས་མཐོར་འདེགས་བྱེད་དགོས། གསུམ་ནི་འགན་འཁྲི་་ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་འདོན་དགོས་ཏེ། ཁུལ་དང་རྫོང་གི་ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོས་ས་སྲུང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་དེ་དམངས་ཚིས་བཟོ་སྐྲུན་གཙོ་བོར་བརྩིས་ནས། བརྟན་བརླིང་ངང་དབུལ་སྐྱོར་བྱ་བ་སྤེལ་དགོས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་དང་སྡེ་བར་སྡོད་པའི་ལས་བྱེད་རུ་ཁག་གི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། གཞི་རིམ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་ལས་བརྩོན་ཕྱུག་བསྒྱུར་བྱས་ནས། དབུལ་སྐྱོརར་མཁྲེགས་གཏོར་བྱ་བའི་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།