ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་བཅོ་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་མེ་གསོད་སྔོན་འགོག་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་མེ་གསོད་སྔོན་འགོག་སྤྱི་ཁྱབ་རུ་ཁག་གིས་དམངས་སྲིད་དང་ཞིང་ཕྱུགས་སོགས་སྡེ་ཁག་བཅུ་དང་མཉམ་འབྲེལ་བྱས་ནས་ཞིང་ཆེན་ཡོངས་ནས“ཁྱིམ་ཚང་ཁྲི་ཕྲག་མང་པོས་མེ་གསོད་སྔོན་འགོག་གི་ཤེས་བྱ་སྦྱོང་ཞེས་པའི་བྱ་འགུལ”རྒྱ་ཆེན་པོ་སྤེལ།

བྱ་འགུལ་ཁྲོད་དུ་ས་གནས་སོ་སོས་དགུན་དཔྱིད་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་བྱ་བ་དང་མེ་གསོད་སྔོན་འགོག་བདེ་འཇགས་སློབ་གསོའི་ནང་དོན་གཙོ་བོ་དང་ཟུང་དུ་སྦྲེལ་ནས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་ཁྱིམ་ཚང་གི་མེ་གསོད་སྔོན་འགོག་བདེ་འཇགས་དྲིལ་སྒྲོག་སློབ་གསོ་དེ“ལྔ་སྐྱོང་དཔལ་ཡོན་ཁྱིམ་ཚང”དང་། “བདེ་འཇགས་ཀྱི་སྡོད་ཁུལ”སོགས་དཔྱད་ཞིབ་གཏན་ཁེལ་ནང་དོན་དུ་བཞག་པ་དང་། སྡོད་ཁུལ་ཆུང་བའི་གཞིས་ཀའི་དོ་དམ་སྡེ་ཁག་དང་མཉམ་འབྲེལ་བྱེད་པ། ཕ་མ་གམ་དུ་མེད་པའི་བྱིས་པ་དང་། བདག་མེད་ལོ་ལོན་སོགས་ལ་རོགས་རམ་བྱས་ནས་ཁྱིམ་ཚང་གི་མེ་སྐྱོན་ཉེན་ཁ་སེལ་རོགས་བྱེད་པའི་ཞོར་དུ། ད་རུང་གཞིས་ཀའི་དོ་དམ་སྡེ་ཁག་དང་སྡོད་ཁུལ་ཆུང་བའི་བདེ་འཇགས་སྡེ་ཁག་གཉིས་རྒྱབ་རྟེན་བྱས་ནས་མེ་གསོད་སྔོན་འགོག་ཞབས་ཞུ་ཁང་ལྔ་བརྒྱ་ལྷག་བཙུགས་ཏེ། སྡོད་ཁུལ་གྱི་ཁྱིམ་ཚང་རེ་རེ་ནས་མེ་བཀོལ་སྤྱོད་བྱེད་པའི་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད། ས་གནས་སོ་སོས་ད་རུང་སྨྱན་བྱད་ཀུང་ཟིས་ཞིང་ཆེན་ཡོངས་ཀྱི་ཐོག་ཁང་སྟོང་གཉིས་དང་བཞི་བརྒྱ་ལྷག་ལ་མེ་སྐྱོན་སྔོན་འགོག་གི་ཤེས་བྱའི་སྦྱར་ཡིག་སྦྱོར་བ་དང་། གལ་ཏེ་མེ་སྐྱོན་བྱུང་ཚེ། ཇི་ལྟར་རང་སྐྱོབ་བྱེད་པའི་སྐོར་གྱི་ཤེས་བྱའི་ཚོན་རིས་རི་མོ་སོགས་སྦྱར་བ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།