ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། སྤྱིའི་རིང་ཚད་ལ་སྤྱི་ལེ་རེ་བདུན་ཡོད་པ་དང་རགས་རྩིས་བྱས་ན་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གསུམ་གཏོང་རྒྱུ་ཡིན་པའི་གྲ་མ་ལུང་ནས་རིག་སྣོན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྒྱ་བསྐྱེད་བཟོ་སྐྲུན་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས།

གྲ་མ་ལུང་ནས་རིག་སྨོན་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་རྒྱའི་པེ་ཅིན་ནས་བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་མཚོ་སྔོན་མྱུར་བགྲོད་གཞུང་ལམ་དྲ་རྒྱའི་གྲུབ་ཆ་གཙོ་བོ་ཞིག་ཡིན། གཞུང་ལམ་དེ་ཟི་ལིང་གྲོང་ཁྱེར་སྟོད་པ་གྲོང་རྡལ་གྲ་མ་ལུང་སྡེ་བ་ནས་མགོ་བརྩམས་ཏེ་སྟོང་སྐོར་རྫོང་མཁར་དང་ཉི་ཟླ་ཞང་བརྒྱུད་དེ། རིག་སྨོན་ནས་གུང་ཧོ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲེལ་མཚམས་བར་ཡིན་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་རེ་བདུན་ཡོད་ལ་ལས་ཡུན་ལོ་གསུམ་ཡིན།

ལས་གཞི་འདི་འཛུགས་སྐྲུན་བྱས་པ་འདིས་རྒྱལ་ཁབ་དང་མཚོ་སྔོན་མྱུར་བགྲོད་གཞུང་ལམ་དྲ་རྒྱ་ལེགས་བཅོས་བྱས་པ་དང་རྒྱལ་ཁབ་གཞུང་ལམ་ལམ་ཆེན་གྱི་ཤར་བགྲོད་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་སྟེ་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཡུལ་སྐོར་སོགས་ཐོན་ཁུངས་གསར་སྤེལ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།