ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ནི་སྤྱི་ཚོགས་དཔལ་ཡོན་དང་ཡར་རྒྱས་སུ་འགྲོ་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པར་མ་ཟད། དམངས་ཀྱི་འཚོ་བའི་བྱ་བ་ལེགས་བསྒྱུར་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ནན་ཏན་ངང་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་སྐོར་ནས་ཐབས་བཅོས་བཀོད་སྒྲིག་མང་པོ་ཞིག་ལག་བསྟར་བྱས་སྟེ་དབང་བོ་སྐྱོན་ཅན་ཚོས་ཆེས་དོ་སྣང་བྱེད་ས་དང་། ཆེས་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་ལུས་གསོ་དང་གཉོར་སྐྱོང་ཞབས་ཞུའི་དགོས་མཁོ་སྐོང་བ་ནས་མགོ་བརྩམས། དབང་བོ་སྐྱོན་ཅན་གྱིས་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བ་གཙོ་བོར་བཟུང་བས་བསྡོམས་པའི་སྒོར་དུང་ཕྱིར་3.74བཀོད་སྒྲིག་བྱས་སྟེ་རང་ཞིང་གི་དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས།

ཤེས་གསལ་ལྟར་ན། ཉེ་བའི་ལོ་འདི་འགའི་རིང་དུ། མཚོ་སྔོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་མི་སྣ་གཉོར་སྐྱོང་དང་ལུས་གསོའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན། དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བར་འབད་པ་བྱས། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱིར་2.33དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱིར་0.74བཀོད་སྒྲིག་བྱས། ཞིང་ཆེན་གཅིག་དང་གྲོང་རྡལ་7གྱི་དབང་བོ་སྐྱོན་ཅན་ལུས་གསོའི་ལྟེ་གནས། རྫོང་29ཡི་དབང་བོ་སྐྱོན་ཅན་གཉོར་སྐྱོང་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པས་དབང་བོ་སྐྱོན་ཅན་ལུས་གསོ་དང་གཉོར་སྐྱོང་སྒྲིག་ཆས་ཕེལ་ཆེར་ཡོངས་སུ་ཆེད་ལས་རང་བཞིན་ཅན་གྱི་ཞབས་ཞུའི་སྟེགས་བུ་ཞིག་ཏུ་གྱུར་ཡོད།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།