ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན  །ཟླ12པའི་ཚེས20ཉིན་གྱི་སྔ་དྲོའི་དུས་ཚོད11སྟེང་། དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་འཕུར་བསྐྱོད་ཚོད་ལྟའི་ལྟེ་གནས་ནས་ཤར་གཏོང་བྱས་བའིc560གནམ་གྲུ་བདེ་བརླགས་ངང་མཚོ་ངོས་ལས་རྨི3787ཡོད་པའི་མགོ་ལོག་རྨ་ཆེན་གྱི་གནམ་གྲུའི་ཐང་ཆེན་དུ་བབས་པ་དང་། རང་ཞིང་གི་ཐེངས་དྲུག་པའི་དམངས་སྤྱོད་གནམ་གྲུའི་ཐང་ཆེན་འཕུར་བསྐྱོད་ཚོད་ལྟ་བྱེད་མགོ་བརྩམས། མགོ་གཙོ་ཡུས་ཡ་ཁྲའོ་ཡིས་བཤད་རྒྱུར། ཐེངས་དང་པོར་འཕུར་བསྐྱོད་བྱས་པ་ལས། མགོ་ལོག་གནམ་གྲུའི་ཐང་ཆེན་ནི་འཕུར་བསྐྱོད་བྱེད་དཀའ་བའི་མཐོ་སྒང་གི་གནམ་གྲུ་ཐང་ཆེན་ཞིག་ཡིན་ལ། ཁ་ཉིན་ཁ་བ་བབས་པ་དང་དེ་རིང་གནམ་གཤིས་བཟང་བས་བཀྲ་ཤིས་དུས་བཟང་གི་ཉིན་མོ་ཞིག་ཡིན་པ་དང་། བོད་ཁུལ་གྱི་གནམ་གྲུའི་ཐང་ཆེན་འཛུགས་སྐྲུན་ཐད་ལ་རང་གི་ནུས་བ་ཅུང་ཟད་འདོན་ཐུབ་པ་ནི་ངོ་མ་གཟི་བརྗིད་ཆེ་བ་ཞིག་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དུ་ཆགས་པའི་མགོ་ལོག་རྨ་ཆེན་གནམ་གྲུའི་ཐང་ཆེན་ནི་རང་ཞིང་གི་ལོ་ལྔའི་ཚན་བཅུ་གཉིས་སྐབས་སུ་འཛུགས་སྐྲུན་བྱེད་པའི་ལས་གཞི་གཙོ་བོར་ཡིན་པ་དང་། ལས་གཞི་འདི་ནི2013ལོའི་ཟླ་8 པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ལས་གཞི་བཙུགས་ནས་ཆོག་མཆན་གནང་བ་དང་། མ་དངུལ་དུང་ཕྱུར11.32གཏོང་བ་རེད། ཇུས་འགོད་ཀྱི་རྒྱ་ཁྱོན་ལ་འཕུར་བསྐྱོད་ཁུལ་རིམ་པ4cདང་། རྒྱུགས་ལམ་གྱི་རིང་ཚད་ནི་རྨི་3800། ཐང་ཆེན་གྱི་ཐོག་ཁང་གི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ3000དང་། 2020ལོའི་འགྲུལ་བ་འདོན་འཇུག་བྱེད་ཚད་མིའི་ཐེངས་གྲངས་ཁྲི8དང་། དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན200། གནམ་གྲུ་འཕུར་བསྐྱོད་བྱེད་ཚད་ཐེངས་940བྱེད་པར་གཞིགས་ནས་ཇུས་འགོད་བྱས་ཤིང་། འཆར་གཞི་ལྟར་ན2016ལོར་གནས་གྲུའི་ཐང་ཆེན་དངོས་སུ་བཀོལ་སྤྱོད་བྱེད་ངེས།  ། 

རྩོམ་སྒྲིག་པ། དོན་ཚེ་བརྟན།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།