ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་འོག རྫོང་གི་ཁེ་ལས་སོ་སོའི་ཚབ་བྱེད་རྣམས་ཀྱིས་གྲང་ངར་ལ་མ་འཛེམ་པར་རིན་ཐང་སྒོར་ཁྲི3ལྷག་གི་བཟའ་འབྲུ་བསྐྱལ་ནས་སྤྱི་ལེ100ཙམ་གྱི་མཚམས་སུ་ཡོད་པའི་སོག་རི་མ་ཞང་དང་དཔལ་ཡུལ་ཞང་ལ་སོང་ནས་གནས་དེའི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་། ཁེར་འདུག་ལོ་ལོན་རྣམས་ལ་དྲོལ་ཁོལ་བསྐྱལ་བ་དང་། འདི་ཡང་གཅིག་སྒྲིལ་རྫོང་གི་སྤྱི་མིན་ཁེ་ལས་ཁག་དབུལ་སྐྱོར་ཀྱི་ལས་ཀར་ཞུགས་ཐེངས་ཤིག་ཡིན།

གཅིག་སྒྲིལ་རྫོང་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཁེ་ལས་ཚབ་བྱེད་མི་སྣ་ཚོས་ད་ལོའི་དགུན་ཁར་གཞི་རིམ་གྱི་འཚོ་བར་རྒྱུས་ལོན་བྱེད་དུས་ཐབས་བརྒྱ་ཇུས་སྟོང་གིས་སྒོར་མོ་ཧྲག་བསྡུ་བྱས་ནས་དུས་ཐོག་ཏུ་ཞང་དང་གནས་དེའི་དཀའ་ངལ་ཅན་གྱི་མི་རྣམས་ལ་བྱིན། མཚམས་འདྲིའི་སྒོར500རེ་དང་། ཕྱེ་སྒྱེ་མོ་གང་། བཟའ་སྣུམ་སོགས་སྤྲད་པས་འབྲོག་མི་རྡོ་རྗེ་རྒྱལ་སྤྲོ་སེམས་འཁོལ་བའི་ངང་ནས། ང་ཚོ་དཀའ་ངལ་ཅན་གྱི་ཁྱིམ་ཚང་རྣམས་ལ་ཅི་ཞིག་མཁོ་ན་ཁྱེད་ཚོས་དེ་བསྐྱལ་ཡོང་བས་ངོ་མ་ཐུགས་རྗེ་ཆེ་ཞུས་ཟེར།

རྒྱུས་ལོན་པ་ལྟར་ན། གཅིག་སྒྲིལ་རྫོང་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཁེ་ལས་གྱིས་དམངས་ལ་དྲོལ་ཁོལ་སྐྱེལ་བས་ཁྱིམ་ཚང 80དང་། དཀའ་ངལ་ཅན་གྱི་མང་ཚོགས287ལྷག་ལ་ཕན་བདེ་སྐྲུན།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།