ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རིགས་དང་ཆའང་རིགས། དབྱིས་རིགས་རིག་གནས་ཐོན་རྫས་ལྟེ་གནས་འཛུགས་སྐྲུན་ལ་གཞིར་རྨ་ལྷོ་ཁུལ་གྱིས་རིག་གནས་གནས་སྐོར་ལས་རིགས་མཐུན་སྦྱོར་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཡོད་པར་མ་ཟད་གྲུབ་འབྲས་གསར་བ་ཐོབ། ལོ་ཡོངས་ཀྱི་རིག་གནས་ཐོན་རྫས་ལས་རིགས་ཞབས་ཞུའི་མི་སྣ་ཁྲི2.89ཟིན་ཡོད་པ་དང་། སྔོན་དཔག་བྱས་ན་རིག་གནས་ཐོན་རྫས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར5.37ལ་བསླེབས་ཏེ་ལོ་སྔོན་མ་ལས20%ཇེ་མང་དུ་སོང་འདུག རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི331.6སྣེ་ལེན་བྱས་པ་དང་། ཚོད་དཔག་བྱས་ན་གནས་སྐོར་ལྗོངས་རྒྱུའི་ཡོང་སྒོ་སྒོར་དུང་ཕྱུར10.6མངོན་འགྱུར་བྱེད་ཐུབ་པས་ལོ་སྔོན་མ་ལས་སོ་སོ་ནས10%དང22%ཇེ་མཐོར་སོང་།

ད་ལོ་རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་རིག་གནས་ཐོན་རྫས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་རྒྱ་ཆེར་སྤེལ་ཏེ་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་རྫས་དཔེ་སྟོན་རྟེན་གཞི2དང་ཞིང་ཆེན་རིམ་པའི་རིག་གནས་ཐོན་རྫས་དཔེ་སྟོན་རྟེན་གཞི4། རིག་གནས་གནས་སྐོར་ལྗོངས་རྒྱུའི་ཞབས་ཞུའི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། རེབ་གོང་རིག་གནས་ཐོན་རྫས་ཁག་གི་རྨང་གཞིའི་འཛུགས་སྐྲུན་དང་རྨ་ཆུའི་ཉེ་འགྲམ་གྱི་དབྱར་ཉལ་སྤྲོ་གསེང་གཏོང་སའི་ལས་གཞི། མཛེས་ལྗོངས་ཁག་གི་རྨང་གཞིའི་སྒྲིག་ཆས་སོགས་གནས་སྐོར་ལྗོངས་རྒྱུའི་སྒྲིག་ཆས་ཀྱི་ལས་གཞི་སྐོར་ཞིག་གསོ་སྐྱོང་བྱེད་པ་བཅས་རྒྱལ་ཁབ་ཀྱི་བོད་རིགས་དང་ཆའང་རིགས། དབྱིས་རིགས་བཅས་ཀྱིས་རིག་གནས་ཐོན་རྫས་རབ་འཁྱམས་གཅན་ཚ་རྫོང་རིག་གནས་ཐོན་རྫས་གསར་སྐྲུན་ལྟེ་གནས་སུ་བཙུགས། དངོས་མིན་ཤུལ་བཞག་རིག་དངོས་སྲུང་སྐྱོབ་བྱ་བར་སྔར་ལས་ཤུགས་བསྣན་ནས། དངོས་མིན་རིག་དངོས“སྣེ་འདེད་རྩད་གཅོད་འགུལ་སྐྱོད”ཀྱི་ཡོངས་ཁྱབ་ཞིབ་བཤེར་མཇུག་རྫོགས་ལ་ཉེ། 《སྲོང་བཙན་སྒམ་པོ>>དང<དྲི་མེད་ཀུན་ལྡན>།《གངས་རིའི་ལས་དབང〉སོགས་རིག་རྩལ་གྱི་བརྩམས་ཆོས་སྐོར་ཞིག་ཀྱང་ལེགས་འགྲུབ་བྱུང་ཡོད། རིག་དངོས་སྲོང་སྐྱོབ་ཀྱི་བྱ་བཞག་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་དེ་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་འགུལ་སྐྱོད་བྱེད་ཐུབ་པའི་རིག་དངོས་ཞིབ་བཤེར་ནང་ལེགས་འདེམས་དང་ངོས་འཛིན་པ། ཟིན་ཐོ་འགོད་པ། རོང་བོ་དགོན་ཆེན་ནས་གསང་སྔགས་ཀྱི་སྡེ་ཁག་བཙུགས་པ་དང་། སྒོ་དམར་གནའ་བོའི་མཁར་རྙིང་སོགས་རིག་དངོས་སྲོང་སྐྱོབ་ཀྱི་ཞིག་གསོའི་བཟོ་སྐྲུན་སྐོར་ཞིག་ལག་བསྟར་བྱས་པ་རེད། ཕྱོགས་ཡོངས་ནས་རེབ་གོང་རིག་གནས་ཕྱི་ལ་ཁྱབ་བསྒྲགས་བྱེད་པར་སྔ་གཞུག་ཏུ་རེབ་གོང་སྒྱུ་རྩལ་གྲང་ཡེ་དང་ཞིན་ཅང་། པེ་ཅིན། ཧྥ་རིན་སི་རྒྱལ་ཁབ་སོགས་ནས་འགྲེམ་སྟོན་བྱས་པ་དང་། རེབ་གོང་རིག་གནས་ཁྱབ་བསྒྲགས་བྱེད་པའི་སྒེའུ་ཁུང་གཉིས་ཀྱང་གསར་སྣོན་བྱས། སྔར་ལས་ལྷག་པར་རིག་གནས་ལུས་རྩལ་གནས་སྐོར་ལྗོངས་རྒྱུའི་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དམངས་ཁྲོད་རིག་རྩལ་མཉམ་སྡེབ་དང་དམངས་ཡོངས་ཀྱིས་ལུས་ཕུང་སྤྱོང་བསྡར་བྱེད་པ། རེབ་གོང་རིག་གནས་ཁྱབ་བསྒྲགས་འགྲེམ་སྟོན་བྱེད་པ། རིག་གནས་འཁྲབ་སྟོན་དང་དངོས་མིན་ཤུལ་བཞག་རིག་དངོས་འགྲན་བསྡུར་ཆེན་མོ་སོགས་བྱ་འགུལ34། སྐབས་གསུམ་པའི་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བར། མང་ཚོགས་བསྡོམས་པའི་མི་ཐེངས་ཁྲི80དང་གནས་སྐོར་བ་བསྡོམས་པའི་མི་ཐེངས་ཁྲི3ལྷག་སྣེ་ལེན་བྱས་པ་སོགས་རེབ་གོང་རིག་གནས་གནས་སྐོར་གྱི་མིང་རྟགས་ཡུལ་ཕྱོགས་ཀུན་ལ་ཁྱབ་ཡོད།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།