ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་ཅུའུ་དང་མཚོ་ལྷོ་ཁུལ་བོད་ཀྱི་གཙག་དྲུབ་མཐུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་དུས་ཡུན་ཟླ་གཅིག་གི་གུང་ཧོ་རྫོང་བོད་ཀྱི་གཙག་དྲུབ་ཐོན་ལས་ལས་སྒྲུབ་མི་སྣའི་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོ་ཁུལ་བོད་ཀྱི་གཙག་དྲུབ་མཐུན་ཚོགས་གསོ་སྦྱོང་ཁང་དུ་བསྡུས་ཤིང་། ཆབ་ཆ་གྲོང་རྡལ་གྱི་སྡོད་ཁུལ་དང་གྲོང་སྡེ་སོ་སོའི་བོད་ཀྱི་གཙག་དྲུབ་ཐོན་ལས་ལས་སྒྲུབ་མི་སྣ་དྲུག་ཅུ་ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པ་དང་། གཙོ་ཆེར་བོད་ཀྱི་གཙག་དྲུབ་ཀྱི་རྨང་གཞིའི་ཤེས་བྱ་དང་། གཞུང་ལུགས་་ཟུང་འབྲེལ་སྒོས་བོད་ཀྱི་གཙག་དྲུབ་བཟོ་རྩལ་དང་། དེ་མིན་བོད་ཀྱི་གཙག་དྲུབ་ལས་རིགས་ཀྱི་ཚོང་རའི་དབྱེ་ཞིབ་སོགས་ནང་དོན་འདུས།

རེབ་འདིའི་གསོ་སྦྱོང་བརྒྱུད། བོད་ཀྱི་དམངས་སྲོལ་ཕུལ་བྱུང་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་མཉམ་དུ། གུང་ཧོ་རྫོང་ཆབ་ཆ་ས་ཁུལ་གྱི་ཞིང་སྡེ་དང་སྡོད་ཁུལ་གྱི་གཞི་རིམ་བུད་མེད་མང་ཚོགས་ལ་བོད་ཀྱི་གཙག་དྲུབ་བཟོ་རྩལ་ཐད་ཀྱི་ཤེས་བྱ་མི་ཉུང་བ་ཞིག་རྒྱུས་ལོན་བྱེད་དུ་བཅུག་པ་དང་། ཆབ་ཆ་ས་ཁུལ་གྱི་བུད་མེད་ཀྱི་ལས་ཞུགས་ནུས་པ་མཐོར་འདེགས་སུ་གཏོང་བར་དགེ་མཚན་ཆེན་པོ་ལྡན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།