ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གསར་སྤེལ་ས་ཁུལ་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

གྲོས་ཚོགས་ནས་ཡང་བསྐྱར་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས«ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི》 དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག»ལ་སློབ་སྦྱོང་བྱེད་པའི་ཚོགས་འདུའི་སྟེང་གནང་བའི་གཏམ་བཤད་གལ་ཆེན་གྱི་ནང་དོན་རྒྱུད་སྒྲོག་བྱས། ཝང་ཞོ་ཡིས་བསྟན་དོན། ཧྲུའུ་ཅི་ལོ་ཧོས་ཉིན་གྱི་གཏམ་བཤད་གལ་ཆེན་ལས། ལོ་རྒྱུས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི་གསལ་བོར་མཚོན་པ་དང་། ཞིང་ཆེན་ཏང་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གནས་བབ་ལ་བརྡར་ཤ་གཅོད་པ་དང་ཡང་དག་པའི་སྒོ་ནས་ཁུང་དུ་ཆུད་པར་བྱེད་པ་གསལ་བོར་མཚོན་ཡོད་པས། དེས་ཞིང་ཆེན་ཏང་ཨུས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ནས་འདོད་བློ་བརྟན་པོ་དང་ཆོད་དོན་ཆེན་པོ་བཅངས་པ་མཚོན་ཡོད་པ་མ་ཟད། ང་ཚོས་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་ཁ་ཕྱོགས་ནན་མོ་བསྟན་ཡོད་ཅེས་བསྟན།

ཝང་ཞོ་ཡིས་བསྟན་དོན། གཅིག་ནས་སློབ་སྦྱོང་དང་གསོ་སྦྱོང་ཐད་ནས་དམ་འཛིན་བྱེད་པ་དང་། སློབ་སྦྱོང་གི་རྣམ་པ་དང་སློབ་སྦྱོང་གི་ཕན་འབྲས་གཉིས་ཟུང་དུ་སྦྲེལ་ཏེ་སེམས་ལ་དམ་པོར་འཛིན་དགོས། གཉིས་ནས་དག་ཐེར་བཅོས་སྐྱོང་དང་བྱ་བ་ཇེ་བཟང་དུ་གཏོང་བའི་ཐད་ནས་དམ་འཛིན་བྱེད་དགོས་པ་དང་། ཚད་མཐའི་ཚད་གཞི་རྒྱུན་འཁྱོངས་བྱས་ནས། དག་ཐེར་བཅོས་སྐྱོང་བྱ་བའི་རྒྱུ་སྤུས་ལ་ཁག་ཐེག་བྱེད་དགོས། གསུམ་ནས་ལམ་ལུགས་འཛུགས་སྐྲུན་ཐད་ནས་དམ་འཛིན་བྱས་ཏེ། རྒྱུན་ཆད་མེད་པར་བྱ་བའི་གྲུབ་འབྲས་ཇེ་བརྟན་དང་རྒྱ་བསྐྱེད་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཟེར།

གྲོས་ཚོགས་ནས་ད་རུང་གསར་སྤེལ་ས་ཁུལ་གྱིས་ད་ལོའི་བྱ་བའི་འཕེལ་རིམ་དང་སང་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་དང་ཡར་ཞུ་བྱས་པར་ཉན། ཝང་ཞོ་ཡིས་གསར་སྤེལ་ས་ཁུལ་གྱི་གྲུབ་འབྲས་དང་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། གསར་སྤེལ་ས་ཁུལ་གྱིས་མུ་མཐུད་དུ་ཡུན་རིང་གི་ཉམས་མྱོང་ལས་གྲུབ་པའི་གོམས་སྲོལ་བཟང་བོ་དང་སྤྱོད་སྟངས་བཟང་བོ་དར་སྤེལ་བྱེད་པ་དང་། ཧུར་ཐག་སྒོས་ཟི་ལིང་མཆོང་སྐྱོད་འཕེལ་རྒྱས་ཀྱི་གསར་གཏོད་དང་ལེན་དང་མིག་དཔེ་བཟང་བོ་འདོན་པ། རྒྱུན་ཆད་མེད་པར་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱེད་པའི་འགྲན་རྩོད་ཁྱད་སྟོབས་དང་གསོན་ཤུགས་ཇེ་ཆེར་བཏང་ནས། ཞིང་ཆེན་ཡོངས་དང་གྲོང་ཁྱེར་ཡོངས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།