ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས«མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ལས་དོན་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་མཉམ་ལས་གྲོས་མཐུན»གན་རྒྱ་འཇོག་པའི་མཛད་སྒོ་བསྡུས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཁྲིན་ཀྲིན་ཀའོ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཧའོ་ཕིན་བཅས་མཛད་སྒོར་ཞུགས། ཁྲིན་ཀྲིན་ཀའོ་དང་ཧའོ་ཕིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་མིང་བཀོད།

པུའུ་དང་ཞིང་ཆེན་གྱི་འཐབ་ཇུས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་འབྲེལ་མཐུད་གྲོས་མོལ་བྱས་པ་བརྒྱུད། ཁུལ་ཁོངས་རོགས་ལས་དང་། མཁར་གྲོང་གཅིག་གྱུར་འཆར་འགོད། རྣམ་པ་བསྒྱུར་བ། ལྗང་མདོག་ཐཱན་ཉུང་། དམངས་འཚོ་དོ་སྣང་། ནུས་པ་འཐུས་ཚང་། ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་རྩ་དོན་ལྟར། ཤུགས་ཆེན་པོས་མཁར་གྲོང་གི་འཕེལ་སྟངས་བསྒྱུར་བ་དང་། མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བ། མཚོ་སྔོན་གྱི་མཁར་གྲོང་རིག་གནས་ཆུ་ཚད་དང་སྤུས་ཚད་ཇེ་མཐོར་གཏོང་བར་གྲུབ་འབྲས་གསར་བ་ལེན་པ། གྲོང་ཁྱེར་གྱི་ཕྱོགས་བསྡུས་འདེགས་སྐྱོར་ནུས་པ་མངོན་གསལ་སྒོས་ཇེ་ཆེར་གཏོང་བ། སྡོད་གནས་ཀྱི་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་བཏང་ནས། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་དོ་དམ་མ་ལག་དང་འཁོར་སྐྱོད་ལམ་ལུགས་འཛུགས་རྒྱུ་ཐག་བཅད།

མཉམ་ལས་གྲོས་མཐུན་ལྟར། སྡོད་ཁང་དང་མཁར་གྲོང་འཛུགས་པུའུ་ཡིས་མཚོ་སྔོན་གྱི་མཁར་གྲོང་གི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་དང་། མཁར་གྲོང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་དང་རོང་འབྲོག་པའི་སྡོད་གནས་ཀྱི་ཁོར་ཡུག་ཇེ་བཟང་དུ་གཏོང་བ། མཁར་གྲོང་འཆར་འགོད་གསར་སྐྲུན་དང་བཅོས་སྒྱུར། ཨར་ལས་འཛུགས་སྐྲུན་ནུས་པ་དང་ལྗང་མདོག་གི་ཨར་ལས་འཛུགས་སྐྲུན་འཕེལ་རྒྱས། ཨར་ལས་འཛུགས་སྐྲུན་ལས་རིགས་འཕེལ་རྒྱས། ཨ་ཆེན་གངས་རྒྱབ་རི་དྭགས་གཙོད་འཚོ་གནས་བྱེད་ས་དེ་འཛམ་གླིང་རང་བྱུང་ཤུལ་བཞག་ལ་ཡར་ཞུ་བྱེད་པ། ལས་རིགས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་ཐད་ནས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད། རེབ་འདིར་གྲོས་མཐུན་བཀོད་པ་དེ་ནི། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་དང་མཚོ་སྔོན་གྱི་མཉམ་ལས་འཕེལ་རྒྱས་སུ་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མ་ཟད། དེས་མཚོ་སྔོན་གྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ། ཕྱོགས་གཉིས་ཀྱིས་བསྟན་དོན། ནན་ཏན་སྒོས་མཉམ་ལས་གྲོས་མཐུན་གྱི་ནང་དོན་སྣ་ཚོགས་ལ་དངོས་འབེབས་བྱས་ནས། མཉམ་ལས་བྱ་བར་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།   ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།