ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས18ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གཞི་འཛིན་གྲངས་ཀ་ཆེན་པོའི་ཐོན་ལས་ཡར་སྐུལ་གྲོས་ཚོགས་དང་། མཐོ་སྒང་གི་གཞི་འཛིན་གྲངས་ཀ་ཆེན་པོའི་ལྟེ་གནས་བཀོལ་མགོ་རྩོམ་པའི་མཛད་སྒོ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འདི་ཚོར་མཚོ་སྔོན་གྱི་གཞི་འཛིན་གྲངས་ཀ་རྒྱ་ཁྱབ་ཏུ་བཀོལ་བ་དང་གཞི་འཛིན་གྲངས་ཀ་ཟམ་མ་ཆད་པའི་ངང་གསར་སྤེལ་བྱས་པ་ནས་བཟུང་། དེས་མཚོ་སྔོན་གྱི་སྲིད་དོན་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ལས་རིམ་ཁག་ཆ་འཕྲིན་ཅན་དུ་འཕོ་བར་བྱེད་ནུས་མི་དམན་པ་བཏོན་ཡོད་ཅིང་། སྣེ་གཉིས་སུ་འདྲེས་སྦྱོར་བྱེད་པའི་ཆུ་ཚད་ཟམ་མ་ཆད་པའི་ངང་མཐོར་འདེགས་བྱུང་ཡོད། ཐེངས་འདིའི་གཞི་འཛིན་གྲངས་ཀ་ཆེན་པོའི་ཐོན་ལས་ཡར་སྐུལ་ཚོགས་འདུ་བསྡུས་པ་དེས། མཚོ་སྔོན་གྱི་ཆ་འཕྲིན་ཐོན་ལས་ཅན་འཕེལ་རྒྱས་དང་གཞི་འཛིན་གྲངས་ཀ་ཆེན་པོའི་གསར་སྤེལ། གཞི་འཛིན་གྲངས་ཀ་ཆེན་པོའི་བཀོལ་སྤྱོད་བཅས་ཀྱི་ཐད་དགེ་མཚན་ཆེན་པོ་ལྡན་པར་མ་ཟད། ད་དུང་མཚོ་སྔོན་གྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱ་བ་དུས་རིམ་གསར་བ་ཞིག་ཏུ་བསྐྱལ་བའི་ཐད་བྱེད་ནུས་གལ་ཆེན་འདོན་ཐུབ་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར། གཞི་འཛིན་གྲངས་ཀ་ཆེན་པོ་དང་རྩིས་བཤེར་ཐབས་ཤེས་གསར་བ། ཆ་འཕྲིན་ཅན་བཅས་ཀྱི་ཡོ་ལང་རབ་ཏུ་རྒོད་པའི་དུས་རབས་ཤིག་ཡིན་ནའང་། ང་ཚོས་སྟོབས་ཤུགས་ཡོད་རྒུ་གཞི་འཛིན་གྲངས་ཀ་ཆེན་པོའི་ཐོན་ལས་འཕེལ་རྒྱས་སྟེང་དུ་ཕུལ་ཡོད། མཚོ་སྔོན་གྱིས་ལོ་ལྔའི་འཆ་གཞི་བཅུ་གསུམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལ་གཞིག་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་འཕེལ་རྒྱས་དམིགས་འབེན་དངོས་འབེབས་བཟང་བོ་བྱེད་པ། དགེ་མཚན་འདོན་སྤེལ་དང་གོ་སྐབས་དམ་འཛིན་བཅས་བྱས་ཏེ། བརྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་སྒྲིག་ཆས་དང་སྔོག་འདོན། བཀོལ་སྤྱོད་བཅས་ཀྱི་ལས་རིམ་ཁག་རིམ་པར་སྤེལ་ནས། རྒྱལ་ཁབ་རིམ་པའི་གཞི་འཛིན་གྲངས་ཀ་ཆེན་པོའི་ལྟེ་གནས་སྒྲིག་ཆས་ཤིག་མཚོ་སྔོན་ནས་འཛུགས་པར་བརྩོན་ལེན་བྱེད་དགོས་པ་བསྟན།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།