ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གྱིས་མཐོ་སྒང་གི་གྲང་ངར་དང་མ་འཛེམ་པར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་སོང་ནས། སྤྱི་ཕན་དཔལ་ཡོན་ལས་རྐང་འཛུགས་སྐྲུན་དང་སྐར་ལྔའི་རིམ་པ་ཅན་གྱི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱ་བར་བརྟག་དཔྱད་བྱས།

ཀྲང་ཞི་མེན་གྱིས་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྤྱི་ཕན་དཔལ་ཡོན་ལས་རྐང་སྒྲིག་གཞི་དང་འཁོར་རྒྱུག་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་རྗེས། འགྲིམ་འགྲུལ་དཔལ་ཡོན་སྤྱི་ཕན་ལས་རྐང་དང་འཕྲོད་བསྟེན་དཔལ་ཡོན་སྤྱི་ཕན་བྱ་བའི་འབྲེལ་ཡོད་ལས་བྱེད་མི་སྣར་འཚམས་འདྲི་ཞུས་པར་མ་ཟད། མཛའ་བརྩེའི་ངང་ཁ་བརྡ་བྱས། ཀྲང་ཞི་མེན་གྱིས་ལས་བྱེད་པ་རྣམས་ལ་དཔལ་ཡོན་ལ་ཞབས་འདེགས་དང་གྲོང་ཁྱེར་ལ་དོ་དམ་བཟང་བོ་བྱེད་དགོས་པའི་སྐོར་ནས་སྐུལ་མ་བྱས། དེའི་རྗེས་ནས་ཀྲང་ཞི་མེན་ཡུས་ཧྲུའུ་གྲོང་ཁྱེར་བཀྲ་ཤིས་དར་ཐང་སྡེ་བར་སོང་ནས། ཡུས་ཧྲུའུ་གྲོང་ཁྱེར་གྱིས་བདམས་པའི་སྐར་ལྔའི་རིམ་པ་ཅན་གྱི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་སྟེ། འབྲུག་གྲགས་ཚེ་རིང་ཚང་གི་སྒོ་བྱང་བཀལ་བར་མ་ཟད། ཁྱིམ་མི་དང་ལྷན་དུ་ཁ་བརྡ་བྱས། ཀྲང་ཞི་མེན་གྱིས་སྡེ་བའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་ཐག་ཆོད་པ་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུས“ལོ་ལྔའི་ཚན་བཅུ་གསུམ་པའི”སྐབས་ཀྱི“གཅིག་གསུམ་གཅིག”གི་སྤྱིའི་བླང་བྱ་དང་། སྐར་ལྔའི་རིམ་པ་ཅན་གྱི་དཔལ་ཡོན་ཁྱིམ་ཚང་གསར་འཛུགས་བྱ་བའི་བཀོད་སྒྲིག་བྱས།

ཀྲང་ཞི་མེན་གྱིས་ནན་གྱིས་བསྟན་དོན། དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་འཛུགས་སྐྲུན་བྱ་བའི་སྣེ་སྟོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྡེ་བ་དང་ཁྱིམ་ཚང་ཡོད་ཚད་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཁྲོད་ཞུགས་པར་ཡར་སྐུལ་གཏོང་དགོས། སྐར་ལྔའི་རིམ་པ་ཅན་གྱི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་འཛུགས་སྐྲུན་བྱ་བ་ཕྱི་བཤོལ་མེད་པའི་ངང་སྤེལ་བ་བརྒྱུད། འཆམ་མཐུན་འབྱོར་ཕྱུག་གི་ཡུས་ཧྲུའུ་འཛུགས་པར་སྒོ་ཀུན་ནས་འབད་དགོས་ཟེར། དེའི་རྗེས་ཀྲང་ཞི་མེན་གྱིས་ཡུས་ཧྲུའུ་ས་གནས་མང་ཚོགས་ཀྱི་ཐང་ཀ་འབྲི་བཞེངས་བྱ་བར་བརྟག་དཔྱད་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།