ཀྲུང་ཀོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱིས་ཆུ་བེད་ཆེད་སྤྱོད་མ་དངུལ་བསྡོམས་པས་སྒོར་ཁྲི་60079.9བཏང་སྟེ། གཙོ་བོ་ཆུ་གནོད་བཟོ་སྐྲུན་འཕྲལ་སྒྲུབ་བརྟན་སྲུང་དང་མི་ཕྱུགས་འཐུང་ཆུ། ཆུ་ལམ་གཙང་བཤང་། ཐན་འགོག་སྒྲིག་ཆས། ཆུ་ལོག་སྔོན་འགོག་དང་ཉེན་ཁ་མྱུར་སྐྱོབ་འཕྲལ་སྒྲུབ། ཆུ་བེད་སླར་གསོ་བསྒྱུར་བཀོད། ཞིང་ལས་སྒྲིག་ཆས་ཆ་ཚང་ཅན་གྱི་ཆུ་བེད་འཛུགས་སྐྲུན་སོགས་ལ་བཀོལ་པས། བསྡོམས་པའི་མི་ཁྲི11.95དང་ཕྱུགས་ཟོག་ཁྲི་620ཡི་འཐུང་ཆུའི་དཀའ་ངལ་དང་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཡོད་ལ། ཆུ་ལམ་བརྟན་པོར་གཏོང་བ་དང་གསར་བཟོ་ཆུ་རགས་སྤྱི་ལེ178། འགྱིང་ལེབ་ཆུ་རགས6། སྤྱི་ལེ57.7ཡིན་པའི་ཆུ་ལམ་ཕྱོགས་བསྡུས་བཅོས་བསྒྱུར། གསར་བཟོས་དང་བསྐྱར་བཟོས་བྱས་པའི་སྤྱི་ལེ93ཡོད་པའི་ཆུ་རྐ7། སྤྱི་ལེ117.8ཡིན་པའི་ཆུ་རྐ36། ཆ་ཚང་ཅན་གྱི་ཆུ་རྐའི་བཟོ་སྐྲུན516བཅས་ལག་བསྟར་བྱས་པས་ས་ཞིང་མུའུ་ཁྲི40ལ་ཆུ་འདྲེན་པའི་གནས་ཚུལ་ཇེ་ལེགས་སུ་གཏོང་བ་མངོན་འགྱུར་བྱུང་།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།