ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་གོམ་གང་མདུན་སྤོས་ཀྱིས་གཞི་གསུམ་འཛུགས་སྐྲུན་དང་རྫོང་ཨུའི་ཏང་གི་སློབ་གྲྭའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཨ་མདོའི་ཁ་སྐད་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པར་རྨང་གཞི་བཏིངས།

ཞིན་ཧེ་རྫོང་གིས་གཟབ་ནན་སྒོས་ཞིན་ཧེ་རྫོང་གི་ཨ་མདོའི་ཁ་སྐད་གསོ་སྦྱོང་གི་ཇུས་གཞི་གཏན་འབེབས་བྱས་ཏེ་རྫོང་ཡོངས་ཀྱི་ཨ་མདོའི་སྐད་མཁོ་བའི་ཞང་དང་གྲོང་རྡལ་དང་རྫོང་ཐད་གཏོགས་ལས་ཁུངས་དང་ཞབས་འདེགས་ལས་རིགས་ཀྱི་ལས་བྱེད་པ་བདམས་ཏེ་གསོ་སྦྱོང་ལ་ཞུགས་སུ་བཅུག གསར་དུ་བསྒྲིགས་པའི་མཚོ་ལྷོ་ཁུལ་གྱི་ལས་བྱེད་པས་སྦྱོང་དགོས་པའི་ཨ་མདོའི་ཁ་སྐད་བཞི་བརྒྱ་དེ་རྨང་གཞིའི་དཔེ་དེབ་ཏུ་བྱས་ཏེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་དང་སྨྱན་མང་གཟུགས་བཀོལ་ཏེ་སློབ་ཁྲིད་བྱེད་པ། བརྗེ་རེས་སྐུལ་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཙོ་བོར་རྒྱན་མཁོའི་ཁ་སྐད་ཤེས་བྱར་སློབ་སྦྱོང་བྱས་པ་དང་དངོས་ཡོད་བརྗེ་རེས་དང་ཕན་ཚུན་སྐུལ་སྤེལ་སློབ་སྦྱོང་བྱེད་པར་དོ་སྣང་བྱས་ནས་མི་རེ་རེས་ཨ་མདོའི་སྐད་སློབ་པ་དང་མི་རེ་རེས་སྐད་རིགས་གཉིས་བཀོལ་བའི་སྣང་ཚུལ་བཟང་བོ་བསྐྲུན།  །  

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།