ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གོ་ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཞིན་རོང་གིས་པེ་ཅིན་ནས་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་སོགས་ལ་ཐུག་འཕྲད་བྱས། ཡུས་ཞིན་རོང་གིས་བསྟན་དོན། ཞིང་ལས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་དགོས་མཁོ་ལ་བསམ་གཞིགས་གང་ལེགས་བྱེད་པ་དང་། ཞིང་ལས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། མཚོ་སྔོན་གྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།

ཡུས་ཞིན་རོང་གིས་ཞིང་ལས་པུའུ་ཡི་འབྲེལ་ཡོད་ཟི་དང་ཅུའུ་ཡིས་ད་ཡོད་ཀྱི་མ་དངུལ་གཏོང་བའི་ལམ་བུ་ལྟར་དུ། མུ་མཐུད་དུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་དང་འབྲུ་རིགས་གཟན་རྩྭར་བསྒྱུར་བ། ཕྱུགས་ཟོག་གི་རྒྱུད་བཟང་ཁ་གསབ། ཕྱུགས་བསྐྱུར་རྩྭ་གསོ་བཟོ་སྐྲུན་འཛུགས་སྐྲུན་སོགས་ཀྱི་ཀྲུང་དབྱང་མ་དངུལ་བཀོད་སྒྲིག་བྱེད་པ་དང་། མུ་མཐུད་དུ་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ་དང་། མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་ནོར་གནག་རྒྱུད་སྤེལ་ལྟེ་གནས་དང་ཤ་གཟན་གསོ་སྤེལ་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་གཅིག་པུར་ཡོད་པའི་ཕྱུགས་རྒྱུད་ཀྱི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཐད་ཤུགས་སྣོན་དགོས། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་རྒྱང་ཚོར་ལྟེ་གནས་དེ་ལས་གཞི་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་འཇོག་དགོས། ས་གཉིས་ཀྱི་ལས་བྱེད་པའི་བར་ཕན་ཚུན་བརྗེ་རེས་དང་ལས་ཁུར་སྦྱོང་བརྡར་བྱེད་པར་ཤུགས་བསྣན་ནས། རིག་སྟོབས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། མཚོ་སྔོན་གྱི་ཕྱུགས་སྨན་ལས་རིགས་ལག་རྩལ་སློབ་གླིང་དུ་ཚོད་ལྟ་ཁང་གཙོ་བོ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།

ཡན་ཅིན་ཧེ་ཡིས་བཤས་རྒྱུར། ཞིང་ལས་པུའུ་ཡིས་ཞིང་ལས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་ཞིང་ཕྱུགས་འཕེལ་རྒྱས་སུ་གཏོང་བའི་ཐད་སྐུལ་འདེད་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་པ་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་རྩོམ་པའི་སྐབས་སུ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། ཞིང་ལས་པུའུ་ཡིས་ཞིང་ལས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རྐྱེན་སྲོལ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྔར་བཞིན་མཚོ་སྔོན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས། མཐོ་སྒང་ཁྱད་ཆོས་ཀྱི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་གཞི་ཁྱོན་ཅན་དུ་བསྒྱུར་བ་དང་ཆུ་ཚད་ཅན་དུ་བསྒྱུར་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།