ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གྲོས་མོལ་བརྒྱུད་དེ་མཆོག་མཆན་གནང་བར་བསྟུན<<ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་སྦགས་བཙོག་འགོག་བཅོས་སྲོལ་ཡིག>>2016ལོའི་ཟླ3པའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་གྱིས་སྔར་ལས་ལྷག་པར་མཁའ་དབུགས་སྦགས་བཙོག་འགོག་བཅོས་ཁྲོད་གྲུབ་འབྲས་བཟང་པོ་ལེན་པ་དང་མཁའ་དབུགས་སྦགས་བཙོག་འགོག་བཅོས་བྱ་བའི་ཁྲོད་ཕན་འབྲས་ཡོད་པ་དང་སྔོན་ཐོན་གྱི་ཉམས་མྱོང་སྤྱི་སྡོམ་བྱས་ཐོག ཟི་ལིང་གྲོང་ཁྱེར་གྱིས་ལོ་འགོའི་ཁྲིམས་འཛུགས་འཆར་གཞི་ལ་གཞིར་བྱས་ཏེ<<ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་སྦགས་བཙོག་འགོག་བཅོས་སྲོལ་ཡིག>>གཏན་འབེབས་བྱས་པ་རེད། <<སྲོལ་ཡིག>>འདིར་བསྡོམས་པའི་ས་བཅད་བརྒྱད་དང་དོན་ཚན84ཡོད་དེ་མཁའ་དབུགས་སྦགས་བཙོག་ཕྱིར་འབུད་དོ་དམ་ནས་ས་རྡུལ་སྦགས་བཙོག་འགོག་བཅོས། རླངས་འཁོར་གྱི་རླུང་འབུད་སྦགས་བཙོག་འགོག་བཅོས། རྡོ་སོལ་དང་གཞན་སྦགས་བཙོག་ཆེ་བའི་འབར་རྫས་སྦགས་བཙོག་འགོག་བཅོས་སོགས་ཀྱི་ཐད་གཏན་འབེབས་གསལ་བོར་བྱས་ཡོད་ལ། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས>>དང<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་དབུགས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས>>སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མཁའ་དབུགས་སྦགས་བཙོག་འགོག་བཅོས་ཐབས་ཤེས་ལག་བསྟར་དང་ཞིབ་ཚགས་སུ་བཏང་ནས། ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་སྦགས་བཙོག་ལ་ཕྱོགས་བསྡུས་བཅོས་བསྒྱུར་བྱེད་པའི་བྱ་བ་དེ་ལམ་ལུགས་ཅན་དང་ཡུན་རིང་གི་ཕན་ནུས་ཡོད་པ། རྒྱུན་ལྡན་ཅན་དུ་འགྱུར་བར་ཁྲིམས་ལུགས་ཕྱོགས་ཀྱི་རྨང་གཞི་བརྟན་པོ་བཙུགས།   ། 

 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།