ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ལས་དོན་ལས་ཁུངས་ཀྱི་རྒན་གསོའི་ཉེན་བཅོལ་ལམ་ལུགས་བཅོས་བསྒྱུར་སྐུལ་སློང་དང་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་འདུ་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་གཟབ་ནན་ངང་དོན་ཐོག་ཏུ་འཁེལ་བར་བྱས་ནས། ཞིང་ཆེན་ལས་དོན་ལས་ཁུངས་ཀྱི་རྒན་གསོའི་ཉེན་བཅོལ་ལམ་ལུགས་བཅོས་བསྒྱུར་བྱ་བ་མགོ་བརྩམ་རྒྱུའི་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ལས་དོན་ལས་ཁུངས་ཀྱི་རྒན་གསོའི་ཉེན་བཅོལ་ལམ་ལུགས་བཅོས་བསྒྱུར་ལག་བསྟར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི30ལྷག་དང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་རྒན་པ་ཐམས་ཅད་རྒན་གསོ་ཉེན་བཅོལ་ལམ་ལུགས་ཀྱི་ཁོངས་སུ་འཇུག་པ་བཅས་རྒན་གསོའི་ཉེན་བཅོལ་ལམ་ལུགས་རྒྱུན་ཆད་མེད་པར་འདྲ་མཉམ་དང་འཐུས་ཚང་དུ་སོང་ཡོད། ངེས་པར་དུ་བཅོས་བསྒྱུར་གྱི་དམིགས་འབེན་ལས་འགན་དང་རྩ་དོན་སོགས་ཁོང་དུ་ཆུད་པར་བྱེད་དགོས་པར་མ་ཟད་། རྒན་གསོའི་ཉེན་བཅོལ་ལམ་ལུགས་ཀྱི་མ་དཔེ་བཅོས་བསྒྱུར་ལ་ཤུགས་སྣོན་དགོས་པ་དང་། བཅོས་བསྒྱུར་གྱི་འཆར་འགོད་འཕེལ་རྒྱས་བྱེད་ཐབས་དང་བཅོས་བསྒྱུར་ཐོབ་ཐང་ལེགས་སྒྲིག་ལམ་ལུགས། ལོ་གཅིག་གི་ལས་རིགས་གླ་ཕོགས་ལམ་ལུགས་སོགས་གཙོ་གནད་བཅོས་བསྒྱུར་རྣམ་གྲངས་བཞི་གཏན་ཁེལ་བྱེད་དགོས།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།