ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ12པའི་ཚེས22ཉིན། མཚོ་སྔོན་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་དང་མཚོ་སྔོན་གསར་འགྱུར་སློབ་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་ལོ་གཅིག་རིང་གི་ཕུལ་བྱུང་བརྩམས་ཆོས་ཀྱི་ཆེས་མཐོ་བའི་བྱ་དགའ་སྟེ། 2014ལོའི“མཚོ་སྔོན་གསར་འགྱུར”བྱ་དགའ་ཡི་དཔྱད་བསྡུར་མཇུག་འབྲས་ཁྱབ་བསྒྲགས་བྱས། བསྡོམས་པས་གསར་འགྱུར་བརྩམས་ཆོས142ལ་བྱ་དགའ་ཐོབ་པ་དང་། དེའི་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་པའི་བརྩམས་ཆོས32དང་། ཨང་གཉིས་པ54། ཨང་གསུམ་པ56བཅས་ཡོད།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགྱུར། 《པའེ་ཡ་ཧུ་སྡེ་བའི་“དོན་ཆེན་གསུམ”》ཞེས་པ་དང་། 《ཚྭ་འདམ་གཞོང་གི་དམག་ལན་སློག་པ》དང་།  ནུབ་མཚོ་གྲོང་ཁྱེར་ཚགས་པར་གྱི་གསར་འགྱུར། 《མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས》དང་། ཟི་ལིང་དགོང་དྲོའི་ཚགས་པར་གྱི་གསར་འགྱུར《ཨ་ཕ་ཕྱིར་ལོག་བྱུང》། མཚོ་སྔོན་ཏང་གི་འཚོ་བའི་གསར་འགྱུར། 《ས་བཀའ་འགྱུར་ན་དར་བའི་ལང་ཚོ》མཚོ་སྔོན་ཁྲིམས་ལུགས་ཚགས་པར་གྱི་གསར་འགྱུར《གཟབ་ནན་མ་བྱས་པར་མིང་རྟགས་བཀོད་པས་ཁྲིམས་གཏུག་ཕམ》། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་གྱི་གསར་འགྱུར། 《མཐོ་སྒང་བྱེ་ཐང་དུ་ཞོག་ཁོག་སྐྱེས་བ་ངོ་མཚར་ཆེ》སོགས་བརྩམས་ཆོས་དག་ལ་བྱ་དགའ་ཨང་དང་པོ་ཐོབ།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་དང་མཚོ་སྔོན་གསར་འགྱུར་སློབ་ཚོགས་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་མགོ་ཁྲིད་བྱ་དགའ་གནང་བའི་ཚོགས་ཆེན་ལ་ཞུགས་པ་དང་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་། །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།