ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉེར་གསུམ་ཉིན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཁེ་ལས་པའི་མཉམ་འབྲེལ་ཚོགས་པ་བཙུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་མཱ་ཀྲེ་ཝེ་མཉམ་འབྲེལ་ཚོགས་པར་བཙུགས་པའི་ཚོགས་ཆེན་ལ་ཞུགས།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁེ་ལས་པའི་མཉམ་འབྲེལ་ཚོགས་པ་བཙུགས་པ་དེས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དམིགས་ཡུལ་བྱས་ནས། མཐུན་སྒྲིལ་དང་ཞབས་ཞུ། སྣེ་ཁྲིད། སློབ་གསོ་བཅས་ཀྱི་ཁ་ཕྱོགས་ལ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁེ་ལས་པས་ཁེ་ལས་འཕེལ་རྒྱས་དང་རྒྱ་ཆེར་གཏོང་བར་སྣེ་ཁྲིད་པའི་ཞོར་དུ། རང་རྟོག་སྒོས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པ་དང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཞབས་ཞུ་ལག་ལེན་ཁྲོད་དུ་ཞུགས་ནས། སྔར་ལས་བཟང་བོའི་སྒོ་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་རེད།

མཱ་ཀྲི་ཝེ་ཡིས་ནན་གྱིས་བསྟན་དོན། ཁེ་ལས་པའི་མཉམ་འབྲེལ་ཚོགས་པས་ཕྱོགས་གསུམ་ཐད་ནས་འགན་འཁྲི་གལ་ཆེན་ཁུར་ཡོད། གཅིག་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་སྟེགས་བུ་ཞིག་ཏུ་འགྱུར་དགོས། གཉིས་ནས་སྲིད་ཞུགས་སྲིད་གྲོས་ཀྱི་སྟེགས་བུ་ཞིག་ཏུ་འགྱུར་དགོས། གསུམ་ནས་སྤྱི་ཚོགས་ཞབས་ཞུའི་སྟེགས་བུ་ཞིག་ཏུ་འགྱུར་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།