ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་ཉེར་བཞི་ཉིན་ཞིང་ཆེན་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ནས་དུས་ཆེན་གཉིས་དང་ཚོགས་འདུ་གཉིས་སྐབས་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་ལ་དག་ཐེར་བཅོས་སྐྱོང་བྱ་བ་སྤེལ་བར་བཀོད་སྒྲིག་བྱས། གྲོས་ཚོགས་ནས་ཕྱོགས་དྲུག་ཐད་ནས་ལྟ་སྐུལ་ཞིབ་བཤེར་དང་ཚོང་ར་རྩད་ཞིབ་བྱ་འགུལ་སྤེལ་ནས། ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་དུས་ཐོག་ཏུ་ཞིབ་བཤེར་བྱས་ནས་མེད་པར་གཏོང་དགོས་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཁོངས་གཏོགས་རང་བཞིན་དང་ཁུལ་ཁོངས་རང་བཞིན་གྱི་ཉེན་ཁར་སྔོན་འགོག་དང་ཚོད་འཛིན་བྱེད་དགོས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བའི་ཁྲོད་དུ། གཅིག་ནས་དུས་ཆེན་སྐབས་ཀྱི་ཚོང་རའི་འཛད་སྤྱོད་བྱེད་ཚད་ཆེ་ཞིང་། འཛད་སྤྱོད་མཁན་གྱིས་ཞུ་གཏུག་བྱེད་ཚད་མང་བ་དང་དེ་མིན་མང་ཚོགས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་དགོས་མཁོ་ཟས་རིགས་འབུར་དུ་ཐོན་པ་དང་། ཤ་དང་ཤ་ཟས་ལས་སྣོན་ཟས་རིགས། འོ་མའི་ལས་སྣོན་ཐོན་རྫས། བྱིས་པའི་ཟས་རིགས། ཆང་དང་། སྐོམ་ཆུའི་རིགས། ཀ་ར་ཀོ་རེ་དང་། ཟ་སྣུམ། འཁྱགས་ཟས་དང་། དམངས་སྲོལ་ཁྱད་ཆོས་ལྡན་པའི་ཟས་རིགས། ཞིང་ལས་ཐོན་རྫས་སོགས་སྣ་ཁ་གལ་ཆེན་སྐོར་ཞིག་འབུར་དུ་ཐོན་པར་བྱེད་པ། ཞིང་སྡེ་དང་གྲོང་གསེབ་འབྲེལ་མཐུད་མཉམ་ལས་པུའུ། གྲོང་ཁྱེར་སྡོད་ཁུལ། གནས་སྐོར་ཡུལ་ལྗོངས། རླངས་འཁོར་འཇོག་ས་སོགས་ཁུལ་ཁོངས་གལ་ཆེན་འབུར་དུ་ཐོན་པར་བྱེད་པ་དང་། ཚོང་ར་དང་། རང་འདེམ་ཚོང་ར། སྡེབ་འཚོང་ཚོང་ར། ཉོ་སྡུད་ཚོང་ར། ཟས་རིགས་བཙོང་ས་དང་། ཟས་རིགས་འགྲེམ་སྟོན་ཚོགས་འདུ་སོགས་ཚོགས་ར་གལ་ཆེན་འབུར་དུ་ཐོན་པར་བྱེད་དགོས། གཉིས་ནས་ཟས་རིགས་བདེ་འཇགས་ཀྱི་མགོ་ཁུངས་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་ནས། ཟས་རིགས་ནང་དུ་སྦྱོར་རྟ་སྣོན་པའི་ཐོན་སྐྱེད་བྱེད་ཆོག་པའི་ཆ་རྐྱེན་དང་། གོ་རིམ་དང་རེ་བ་དངོས་ལ་ཞིབ་བཤེར་ནན་མོ་བྱེད་དགོས། གསུམ་ནས་ཟ་ཁང་ཆེ་ཆུང་དང་། ལས་ཁུངས་ཀྱི་ཟ་ཁང་སོགས་ཀྱི་སྣོད་ཅ་ལག་གི་དུག་སེལ་བ་དང་། ཚོད་འཁྱག་ལས་སྣོན་བྱེད་པ་དང་། མཚོ་ནང་གི་ཉྭ་སོགས་ཐོན་རྫས་ལས་སྣོན་དང་། སྣོད་ཅ་ལག་དུག་སེལ་བྱ་བ་སོགས་དམ་འཛིན་བྱེད་དགོས། བཞི་ནས་ཟས་རིགས་བདེ་འཇགས་ཉེན་ཁ་སེལ་བའི་བྱ་བར་སྔར་ལས་ཤུགས་སྣོན་དགོས་པ་དང་། ནང་སྒོས་སུ་རང་འདེམ་ཚོང་ར་དང་། རོང་འབྲོག་ཕྱོགས། མཁར་གྲོང་འབྲེལ་མཐུད་སོགས་ཁུལ་ཁོངས་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁར་རྩད་གཅོད་ཤུགས་ཇེ་ཆེར་གཏོང་དགོས་པ་མ་ཟད། ལྟ་སྐུལ་ཞིབ་བཤེར་དང་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ལྔ་ནས་ཟ་ཁང་ཆུང་ཆུང་དང་། གཤམ་ནས་བཙོང་བ་སོགས་ལས་རིགས་ཀྱི་ཟས་རིགས་བདེ་འཇགས་ཆེད་དོན་དག་ཐེར་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། དེ་མིན་གནས་སྐོར་བྱེད་ས་དང་། སློབ་གྲྭའི་མཐའ་འཁོར། མཁར་གྲོང་མཐའ་འཁོར། འགྲིམ་འགྲུལ་ས་ཚིགས་ཀྱི་མཐའ་འཁོར། སྤྲོ་གསེང་བྱེད་སའི་ཐང་ཆེན་དང་དམངས་ཚོགས་ཀྱི་ལུས་སྦྱོང་སྤེལ་རའི་མཐའ་འཁོར། ཁེ་ལས་དང་གྲོང་གསེབ་ཀྱི་འབྲེལ་མཐུད་མཉམ་ལས་པུའུ་དང་མི་འདུག་སའི་ཁུལ་ཁོངས་གཙོ་བོར་བརྩིས་ནས། འོ་རྫས་ལས་སྣོན་དང་། སྐོམ་ཆུ། ཟོ་ནང་གི་འཐུང་ཆུ། ཁྱིམ་བྱ་བཤའ་ས་དང་། བཤའ་ཟོག་གི་ནང་ཁྲོལ་དང་། སྲན་མའི་རིགས་ལས་སྣོན་བྱེད་པ། འབྲས་དང་ཕྱེ་ལས་སྣོན། ཤ་རིགས་ལས་སྣོན་སོགས་ཐོན་སྐྱེད་ལས་སྣོན་བྱེད་ས་གནད་སར་བརྩིས་ནས། ཟས་རིགས་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་ལ་རྩད་ནན་མོ་གཅོད་དགོས། དྲུག་ནས་སྨན་རྫས་མིན་པའི་སྨན་རྫས་བརྫུན་མ་ཐོན་སྐྱེད་བྱེད་པ་དང་། འཁོར་རྒྱུག་བྱེད་པར་རྡུང་རྡེག་ནན་མོ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།