ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས23ཉིན། ཀྲུང་ཧྭའི་གསོ་རིག་སློབ་ཚོགས་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭའི་གསོ་རིག་སློབ་ཚོགས་མཐོ་སྒང་གསོ་རིག་ཡན་ལག་སློབ་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་མཐོ་སྒང་གསོ་རིག་ཞིབ་འཇུག་འཕེལ་རྒྱས་རིག་གཞུང་ཚོགས་འདུ་ཟི་ལིང་ནས་བསྡུས། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་མཐོ་སྒང་གི་གསོ་རིག་ཆེད་མཁས་པ་དག་ཟི་ལིང་དུ་འདུས་ནས་མཐོ་སྒང་གི་གསོ་རིག་འཕེལ་རྒྱས་བྱ་གཞག་ལ་གྲོས་བསྡུར་བྱས།

མཐོ་སྒང་གི་སྨན་བཅོས་འཕྲོད་བསྟེན་བྱ་བའི་འཕེལ་རྒྱས་ནི་མཐོ་སྒང་མི་དམངས་ཀྱི་བདེ་ཐང་དང་། དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ལ་ཐད་ཀར་འབྲེལ་བ་ཡོད། མིག་སྔར། མཐོ་སྒང་གི་ནད་རིགས་ནི་མཐོ་སྒང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་པ་དང་། མཐོ་སྒང་གི་གསོ་རིག་ཐད་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་རྒྱུ་ནི་མཐོ་སྒང་གི་མི་དམངས་ཡོངས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་འབྲེལ་བ་དམ་པོ་ཡོད། ཐེངས་འདིའི་ཚོགས་འདུས་ས་ཁུལ་སོ་སོ་ནས་ཐོན་པའི་གསོ་རིག་ལས་བྱེད་པ་ཚོར་ཕན་ཚུན་སློབ་སྦྱོང་དང་སྔོན་ཐོན་གྱི་རིག་གཞུང་བརྗེ་རེས། ལག་རྩལ་མཐོར་འདེགས་སུ་གཏོང་བར་མཐུན་རྐྱེན་བསྐྲུན།  ། 

                                                                  

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།