ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2011ལོ་ནས་རྒྱལ་ཁབ་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་སྐྱོར་བྱ་དགའི་ལམ་ལུགས་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར31.08བཏང་ཡོད་ལ། དེའི་ནང་ཕྱུགས་འགོག་རྩྭ་སྐྱོང་ཁ་གསབ་དང་། ཕྱུགས་ཟོག་དང་རྩྭ་ཐང་དོ་མཉམ་བྱ་དགའ། ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་དང་ཕྱུགས་རྩྭའི་ས་བོན་གྱི་ཁ་གསབ་བཅས་ལ་སྒོར་དུང་ཕྱུར29.15བཏང་། 2012ལོ་ནས་བཟུང་རྩྭ་ཐང་སྲུང་སྐྱོང་མི་སྣ་རྣམས་ལ་བསྡོམས་པས་གླ་ཕོགས་སྒོར་དུང་ཕྱུར1.93འགྲེམ་གཏོང་བྱས་པ་དང་། འབྲོག་ཁྱིམ་ཁྲི7དང་མི་ཁྲི31.7ལ་ཕན་བདེ་སྐྲུན་ཡོད་ལ། འབྲོག་མིའི་ལོ་ལྔའི་ནང་གི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི1ལྷག་འཕར་ཡོད།རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་སྐྱོར་བྱ་དགའི་ལམ་ལུགས་སྲིད་ཇུས་ལག་བསྟར་བྱས་པ་དེས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་མིའི་ཡོང་སྒོ་འཕར་བ་སོགས་ལ་གཅིག་གོ་གཉིས་ཆོད་ཀྱི་ནུས་པ་ཐོན་ཡོད་པར་མ་ཟད། བོད་ཁུལ་ཚད་བརྒལ་རིང་བཞིན་གྱིས་འཕེལ་རྒྱས་དང་ཡུན་རིང་གི་བདེ་འཇགས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།  །   

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།