ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས“མཚོ་སྔོན་ཞིང་ཆེན་གྱི་ཕྱི་དངུལ་ཁེ་ལས་འཕེལ་རྒྱས་ལེགས་པོ་འབྱུང་བར་ཡར་སྐུལ་བྱེད་དགོས”ཞེས་པའི་ཁ་གཏད་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ཁུལ་དང་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་ཁུར་མི་སྣ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། ཆེད་མཁས་པ་དང་ཡོན་ཏན་པ་བཅས་གྲོས་ཚོགས་སུ་ཞུགས།

མཚོ་སྔོན་ཞིང་ཆེན་གྱི་ཕྱི་དངུལ་ཁེ་ལས་འཕེལ་རྒྱས་ལེགས་པོ་འབྱུང་བར་ཡར་སྐུལ་བྱེད་པ་ནི་ད་ལོའི་ཞིང་ཆེན་སྲིད་གྲོས་ཀྱིས་རྟོག་ཞིབ་བྱེད་པའི་གྲོས་གཞི་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། 2015ལོའི་གྲོས་མོལ་འཆར་གཞི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནད་སར་བཞག ད་ལོའི་ཟླ་དགུ་བ་ནས་བཟུང་མཱ་ཀྲི་ཝེ་ཡིས་ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱི་དོན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་སྔ་གཞུག་ཏུ་ཟི་ལིང་དང་མཚོ་ཤར། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་བཅས་ཀྱི་རྫོང་དང་ས་ཁུལ་ཁ་ཤས་སུ་སོང་སྟེ་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་སུ་ཁེ་ལས་དང་བཟོ་ལས་གླིང་ལ་ལྟ་ཞིབ་བྱས་ནས་རྟོག་ཞིབ་སྙན་ཞུ་བཅུ་གཅིག་བྲིས། བཞུགས་མོལ་གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅུས་ཧོང་དཔའ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཏུའུ་ཅིན་ཀྲུང་སོགས་ཀྱིས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་བློ་འདོན་ཇུས་འབུལ་བྱས།

 མཱ་ཀྲི་ཝེ་ཡིས་ནན་གྱིས་བསྟན་དོན། ངེས་པར་དུ་ཕྱི་དངུལ་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་ངོས་འཛིན་གང་ལེགས་བྱེད་དགོས། མཚོ་སྔོན་ཞིང་ཆེན་ནི་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་ཞིང་ཆེན་གལ་ཆེན་ཞིག་པའི་ཡིན་པའི་ཆ་ནས་དུས་རབས་ཀྱི་འགན་འཁྲི་དམིགས་སུ་བཟུང་སྟེ་འབད་བརྩོན་གྱིས་གོ་སྐབས་དམ་འཛིན་བྱས་ནས་མགྱོགས་མྱུར་ངང་དོན་དངོས་ཁྲོད་དུ་ཞུགས་དགོས། ངེས་པར་དུ་སྲིད་གྲོས་ཀྱིས་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ཁ་གཏད་བསམ་འཆར་སྔར་ལས་དོན་དངོས་དང་མཐུན་པ་དང་དམངས་ཀྱི་བསམ་འཆར་ཡར་ཞུ་བྱེད་པ་སོགས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཇུས་འགོད་བཟང་བོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།