ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་གལ་ཆེན་སྤེལ།

 ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་བཅོས་སྐྱོང་བྱེད་པ་དང་སྲིད་འཛིན་པའི་རྨང་གཞི་བརྟན་པོ་འདིང་བ། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཐད་ནས་བབ་བསྟུན་མདུན་བསྐྱོད་བྱེད་པར་སྐུལ་འདེད་བྱེད་པ། མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཐོ་ཚད་ནས། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། བསམ་བློའི་གོ་རྟོགས་དང་འགུལ་སྐྱོད་གོ་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ལོ་ཧོས་ཉིན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ནས། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་རྫོང་ཁོངས་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་དབྱང་གིས་ཀྲུང་གུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་འགའ་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས། ང་ཚོ་ཏང་གིས་གཞི་རིམ་དམངས་འཐུས་ཚོགས་ཆེན་བྱ་བའི་ཐད་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ཡོད་ལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གཞུང་སྒྲུབ་ཁང་གིས་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གསུངས་བཤད་གལ་ཆེན་གནང་།

དེ་དག་ཚང་མས་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཁུངས་ལུང་གལ་ཆེན་འདོན་སྤྲོད་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱིས་དེར་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་སྡོམ་དང་རྒྱུན་འཛིན། འཐུས་ཚང་དུ་གཏོང་བ། མཐོར་འདེགས་བྱེད་པའི་རེ་བ་ལྟར་དུ། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མུ་མཐུད་དུ་དམངས་འཐུས་ཚོགས་ཆེན་བྱ་བ་སྤྱི་ཁོག་གི་ཆུ་ཚད་མཐོར་འདེགས་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་བ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་གྲོས་གཞི་ཡིས་ཐད་ཀར་གནད་དོན་ལ་ཁ་གཏད་དེ་གནད་དོན་ཐག་གཅོད་པའི་ཐད་སྟོབས་ཤུགས་བཏོན་ནས། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་རྩ་དོན་གལ་ཆེན་དང་ལས་འགན་གཙོ་བོ། སྲིད་ཇུས་བྱེད་ཐབས། བྱ་བའི་རེ་བ་སྔར་ལས་གཏན་ཁེལ་གསལ་བོ་བྱས་ཡོད་པས། ས་ཆ་སོ་སོས་གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་བསྐྱོད་བྱས་ཏེ། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བྱེད་དགོས། འཐུས་མིའི་འདེམས་བསྐོ་དང་སྐབས་བརྗེ་འདེམ་བསྐོ་ཐད་ཀྱི་སྒྲིག་ལམ་ནན་མོ་བྱེད་པ་དང་། ཁྲིམས་ལྟར་འཐུས་མི་འདེམས་བསྐོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྲོས་ཚོགས་ཀྱི་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་། ལྟ་སྐུལ་གྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་ཐག་གཅོད་དབང་ཆ་ལག་བསྟར་ཡང་དག་བྱས་ཏེ། ཁྲིམས་ལྟར་འགན་ནུས་སྒྲུབ་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་ལས་ཁུངས་དང་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ། འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བར་མཐོང་ཆེན་བྱེད་པ། གཞི་རིམ་འཐུས་མིའི་འགན་སྒྲུབ་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱས་ནས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་དམངས་འཐུས་ཚོགས་ཆེན་བྱ་བའི་ཐད་ཀྱི་མགོ་ཁྲིད་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི་གཏན་ཁེལ་དང་རེ་བ་ལག་བསྟར་ནན་མོ་བྱེད་པ། འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་འགན་ནུས་སྒྲུབ་པ་དང་། ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་དེའི་ཁོངས་གཏོགས་སྡེ་ཁག མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་དེ་བྱ་བའི་རྒྱུན་རྣམ་དུ་འགྱུར་བར་དང་ལེན་བྱེད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས་རང་སྟེང་གི་འཛུགས་སྐྲུན་ལ་གཙིགས་འཛིན་བྱེད་པ་དང་། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ། བྱ་བའི་སྟོབས་ཤུགས་མི་འདང་བའི་གནད་དོན་གཅིག་གྱུར་ཐག་གཅོད་བྱེད་པ། ཞང་དང་གྲོང་བརྡལ་གྱི་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་ཀྲུའུ་ཞི། ཀྲུའུ་ཞི་གཞོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་དམ་འཛིན་བྱས་ཏེ། དམངས་ཀྱི་ཆེད་དུ་དངོས་དོན་གཉེར་བ་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་བཅངས་ནས་དམངས་འཐུས་ཚོགས་ཆེན་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

 ཧའོ་ཕིན་གྱིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་རེ་བ་ཞིབ་ཕྲ་བཏོན། གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་ཚོགས་པ་དང་། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་མཚོ་ནུབ་ཁུལ་ཏང་ཨུ། མཚོ་ལྷོ་ཁུལ་དམངས་འཐུས་ཚོགས་ཆེན། ཏ་ཐུང་རྫོང་དམངས་འཐུས་ཚོགས་ཆེན་བཅས་ཀྱི་འགན་ཁུར་མི་སྣས་བརྗེ་རེས་གཏམ་བཤད་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མི། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཀྲུའུ་ཞི་གཞོན་པ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ཁྲུའུ་རིམ་པའི་གཞོན་པ་ཡན་གྱི་ལས་བྱེད་པ་བཅས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ། བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།