ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་དམངས་སྲིད་ཐིན་སོགས་སྡེ་ཁག་མང་པོས་མཉམ་འབྲེལ་བྱས་ནས་ད་ལོའི་དགུན་ཁར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་གཅིག་བསྡུས་སྒོས་ཞིང་བ་ཞོར་ལས་པར་མགོ་བསྐོར་གཏོང་བ་དང་བྱིས་པའི་ཞོར་ལས་པ་བཀོལ་བ་སོགས་ཞིབ་བཤེར་ནང་དོན་དུ་བྱེད་པའི་ཁྲིམས་དང་འགལ་བའི་སྒོ་ནས་ངལ་རྩོལ་པ་བཀོལ་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ། སྔ་གཞུག་ཏུ་རིགས་མི་འདྲ་བའི་མི་བཀོལ་ལས་ཁུངས་སྟོང་གཉིས་དང་སོ་གསུམ་དང་མི་གྲངས་ཁྲི་བརྒྱད་དང་སྟོང་བརྒྱད་ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་གྱོད་དོན་སྟོང་གཅིག་སུམ་བརྒྱར་རྩད་གཅོད་བྱས་ནས། ཁྲིམས་དང་འགལ་བའི་སྒོ་ནས་ངལ་རྩོལ་པ་བཀོལ་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཤུགས་ཡོད་སྒོས་རྡུང་རྡེག་བྱས་པ་དང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྤེལ་བའི་ཁྲིམས་དང་འགལ་བའི་སྒོ་ནས་ངལ་རྩོལ་པ་བཀོལ་བའི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་བྱེད་པའི་ཆེད་དོན་འགུལ་སྐྱོད་ཁྲོད་གཙོ་བོར་ཞིང་བ་ཞོར་ལས་པར་མགོ་བསྐོར་གཏོང་བ་དང་བྱིས་པ་ཞོར་ལས་པ་བཀོལ་བ། མི་ལུས་རང་དབང་ལ་བཀག་སྡོམ་བྱེད་པ། བཙན་ཤུགས་ཀྱིས་ངལ་རྩོལ་བྱེད་དུ་འཇུག་པ། བསམ་བཞིན་དུ་གནོད་སྐྱོན་བཟོ་བ་སོགས་ཞིབ་བཤེར་ནང་དོན་བྱས་པ་དང་། འགུལ་སྐྱོད་སྐབས་སུ། རིམ་པ་སོ་སོའི་ངལ་རྩལ་འགན་སྲུང་སྡེ་ཁག་གིས་བཟོ་སྐྲུན་ཨར་ལས་དང་གཞུང་ལམ། ལྕགས་ལམ། ཆུ་བེད། གཏེར་རི་སོགས་འཛུགས་སྐྲུན་ལས་གཞི་དང་བཟའ་བཏུང་ལས་རིགས་སོགས་རིགས་མི་འདྲ་བའི་ཁེ་ལས་འབྲིང་ཆུང་གཙོར་བཟུང་ནས་འགུལ་སྐྱོད་སྤེལ་བས། ངལ་རྩོལ་འགན་སྲུང་དང་ལས་རིགས་འཕྲོད་བསྟེན། བདེ་འཇགས་ཐོན་སྐྱེད་སོགས་ཁྲིམས་ལུགས་སྒྲིག་སྲོལ་དང་འགལ་བའི་སྲིད་འཛིན་ཁྲིམས་འགལ་གྱོད་གཞི་སྟོང་གཅིག་དང་ཉིས་བརྒྱ་གོ་གཉིས་དང་། བདེ་སྐྱོང་དོ་དམ་དང་ཉེས་དོན་གྱོད་གཞི་བརྒྱད་ལ་རྩད་ཆོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།