ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་ཆེད་དུ་ཟི་ལིང་མྱུར་བགྲོད་ལམ་ཐིག་གི་འཛུགས་སྐྲུན་ཡུལ་དངོས་སུ་སོང་སྟེ་རྟོག་ཞིབ་བྱས་ནས་དེར་ཞུགས་པའི་འཛུགས་སྐྲུན་ལས་ཁུངས་ཀྱི་ལས་བཟོ་བ་དང་ལས་གནས་བརྟན་སྲུང་བྱེད་པའི་འཐབ་ཕྱོགས་དང་པོའི་ལས་བཟོ་བར་ལྟ་སྐོར་བྱས་པ་དང་ཁོ་ཚོར་ལོ་སར་གྱི་འཚམས་འདྲི་བྱས།

 ཧའོ་ཕུན་སྔ་གཞུག་ཏུ་ཟི་ལིང་ནུབ་ལམ་ཚའོ་ཅ་པའོ་དངུལ་ལེན་ས་ཚིགས་སོགས་སུ་སོང་སྟེ་བཟོ་སྐྲུན་འཛུགས་སྐྲུན་དང་རྒྱང་ལྟའི་མ་ལག་ལས་རླངས་འཁོར་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ས་ཁུལ་དེའི་བྱ་བར་ཁས་ལེན་གང་ལེགས་བྱས། ལམ་དངུལ་ལེན་མཚམས་བཞག་པའི་ཁྲོ་ཡང་བྱང་སྒོ་ནས་ཧའོ་ཕུན་གྱིས་ཡར་འགྲོ་མར་ཡོང་གི་རླངས་འཁོར་ཁ་ལོ་བ་རྣམས་དང་བརྩེ་བའི་ཁ་བརྡ་བྱས་པ་དང་། གླ་གཏོང་ཁ་ལོ་བ་ཞིག་དང་དངོས་སྐྱེལ་ཁ་ལོ་བ་ཞིག་གིས་ཧྲིན་ཀྲང་ལ་བཤད་རྒྱུར། གྲོང་ཁྱེར་མཐའ་སྐོར་གྱི་མྱུར་བགྲོད་གཞུང་ལམ་སྟེང་སོང་ན་ལམ་དངུལ་སྟེར་མི་དགོས་པ་མ་ཟད། རླངས་འཁོར་འགག་པའི་སྣང་ཚུལ་ཡང་མེད་པས་ཧ་ཅང་སྟབས་བདེ་རེད་ཟེར།

 ཧའོ་ཕུན་གྱིས་ཁོ་ཚོར་བཤད་རྒྱུར། སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་མགྱོགས་བགྲོད་གཞུང་ལམ་ཇེ་མང་དུ་བཏང་ནས་ཚང་མ་ཕར་ཚུར་ལ་འགྲོ་བར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། ཧའོ་ཕུན་གནས་གང་དུ་ཐོན་ནའང་གཞུང་ལམ་འཛུགས་སྐྲུན་དང་འཁོར་སྐྱོད། དོ་དམ་བཅས་ཀྱི་ལས་གནས་དང་པོའི་ལས་བཟོ་བར་སྙིང་ཉེ་བའི་ངང་ཁ་བརྡ་བྱས། ཁོས་བཤད་རྒྱུར། ཁྱེད་ཚོས་མཚོ་སྔོན་གྱི་འཛུགས་སྐྲུན་བྱ་བཞག་ཁྲོད་དུ་བྱས་རྗེས་གལ་ཆེན་བཞག་པས། ངས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྱེད་ཚོ་དང་ཁྱེད་ཚོ་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་འཐབ་ཕྱོགས་སྟེང་གི་ལས་བྱེད་པ་དང་ལས་བཟོ་བར་ལྷག་བསམ་སོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུ་བ་དང་སྙིང་ཉེ་བའི་ངང་འཚམས་འདྲི་བྱས་པ་ཡིན་ཟེར། ཁོས་ཚང་མར་གཞུང་ལམ་གྱི་ཆ་རྐྱེན་གསར་བ་ལྟར་སྔར་ལས་བཟང་བའི་སྒོ་ནས་ལམ་དྲ་འཆར་འགོད་དང་འཛུགས་སྐྲུན་བྱ་བ་ཇེ་ལེགས་སུ་བཏང་སྟེ་འཁོར་སྐྱོད་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང་མང་ཚོགས་ཕྱི་རུ་བགྲོད་པའི་བདེ་འཇགས་ལ་འགན་སྲུང་དང་གཞུང་ལམ་འཛུགས་སྐྲུན་བདེ་འཇགས་ལ་འགན་སྲུང་བྱས་ནས་མང་ཚོགས་ལ་སྟབས་བདེ་བཟོ་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཧའོ་ཕུན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཡིན་ལ། 2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་རྩོམ་པའི་ལོ་ཡིན་པས། ཕྱོགས་གང་ཅིའི་ཐད་དུ་སྔར་ལས་བཟང་པའི་སྒོ་ནས་འགྲིམ་འགྲུལ་འཛུགས་སྐྲུྣན་བྱེད་པའི་བྱ་བ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། དམངས་ཚིས་ལེགས་བཅོས་དང་མཐུན་པའི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་འཁོར་སྐྱོད་མ་ལག་འཐུས་ཚང་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་རྒྱབ་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།