ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་སྟེ་མཚོ་སྔོན་ཚའོ་ཅཱ་པོ་ཁྲལ་སྲུང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་སོགས་ཡུལ་དངོས་སུ་སོང་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།

ཝང་ལིས་མེན་སོགས་ཀྱིས་ཡུལ་དངོས་ནས་ཁྲལ་སྲུང་མཛོད་ཁང་དང་པོ་དང་གཉིས་པ། ཁྲལ་བསྡུ་བྱེད་ས། དཔྱད་བཤེར་མཛོད། ལས་སྒྲུབ་ཚོམས་ཆེན་སོགས་ཀྱི་སྒྲིག་ཆས་བལྟས་རྗེས། ཡུལ་དངོས་ནས་མཐུན་སྦྱོར་གྲོས་ཚོགས་བསྡུས་ནས། ཚའོ་ཅཱ་པོ་ཁྲལ་སྲུང་དངོས་སྐྱེལ་ལྟེ་གནས་དངོས་སུ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བཀོད་སྒྲིག་བྱས།

ཝང་ལིས་མེན་གྱིས་བསྟན་དོན། ཚའོ་ཅཱ་པོ་ཁྲལ་སྲུང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་བཅོས་བསྒྱུར་སྒོ་འབྱེད་མྱུར་དུ་སྤེལ་བའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་མཚོ་སྔོན་ཞིང་ཆེན་གྱི་གྲུ་ཁའི་ཁྲལ་སྲུང་ལྟ་སྐུལ་དོ་དམ་བྱེད་ས་དང་པོ་ཡིན། ལས་གཞི་དེ་འཛུགས་སྐྲུན་བྱས་པ་དེས་མཚོ་བོད་ས་ཁུལ་དུ་གྲུ་ཁའི་ཁྲལ་སྲུང་ལྟ་སྐུལ་དོ་དམ་བྱེད་ས་མེད་པའི་སྟོང་ཆ་བསྐངས་བ་མ་ཟད། མཚོ་སྔོན་ཞིང་ཆེན་རྒྱུད་གཅིག་ལམ་གཅིག་ཁྲོད་འདྲེས་པར་བྱེད་པ་དང་། ཕྱོགས་ཡོངས་དང་རིམ་པ་མང་ཞིང་ཁྱབ་རྒྱ་ཆེ་བའི་སྒོ་ནས་མཚོ་སྔོན་གྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་མཚོ་བོད་ས་ཁུལ་གྱི་དེང་རབས་དངོས་ཟོག་སྐྱེལ་འདྲེན་གྱི་རྒྱལ་སྤྱིའི་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་བྱེད་པའི་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤེལ་བྱས་ཟེར།

 ཝང་ལིས་མེན་གྱིས་འབྲེལ་ཡོད་སྡེ་ཁག་སོ་སོས་སྟོབས་ཤུགས་ཡོད་རྒུས་བཟོ་སྐྲུན་གྱི་ཞིབ་བཤེར་རྩིས་ལེན་བྱ་བ་སྤེལ་ནས། སྔ་མོ་ནས་བཀོལ་སྤྱོད་བྱེད་ཐུབ་པར་བརྩོན་ལེན་བྱེད་དགོས། འབྲེལ་ཡོད་ཀྱི་ཆ་སྡེབས་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། ཞིབ་བཤེར་རྩིས་ལེན་མ་བྱས་སྔོན་གྱི་མི་འདང་སར་ཁ་གསབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། མཚོ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་གཉེར་ཚོང་བའི་སྦྲེལ་མཐུད་ལྟེ་གནས་དང་མཐུན་སྦྱོར་བྱེད་པ་དང་ཡང་ན་ནང་འདྲེན་བྱས་ནས་ཚོད་ལྟ་བཀོལ་སྤྱོད་བྱས་ནས། མྱུར་དུ་ཞིང་ཆེན་ནང་ཁུལ་གྱི་ལག་རྩལ་ཡོད་པའི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་དགོས། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཁྱད་སྟོབས་ཅན་གྱི་ལས་གཞི་དང་ཕྱིར་གཏོང་ནང་འདྲེན་ཐད་ཀྱི་གཞི་ཁྱོན་ཅན་གྱི་ཁེ་ལས་ཚའོ་ཅཱ་པོ་དངོས་སྐྱེལ་ལྟེ་གནས་སུ་བསྡད་དེ་ཚོང་གཉེར་བྱེད་པར་སྣེ་ཁྲིད་བྱས་ནས། ཁྲལ་སྲུང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་ཁྱོན་ཡོངས་ནས་བཀོལ་སྤྱོད་ཚོང་གཉེར་བྱེད་པར་སྐུལ་འདེད་བྱེད་དགོས་བའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།