ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་དང་ཆེས་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་ཡར་སྐུལ་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཞི་མིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་འབྲེལ་ཡོད་ས་གནས་དང་ལས་ཁུངས། མི་སྒེར་བཅས་ལ་བསྟོད་བསྔགས་བྱས་བར་མ་ཟད། ཞིང་ཆེན་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་མཚོ་བྱང་ཁུལ། ཏ་ཐུང་རྫོང་། གཅན་ཚ་རྫོང་བཅས་ཀྱི་འཐུས་མིས་གཏམ་བཤད། ཀྲང་ཞི་མིན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་མཁན་རྣམས་ལ་འཚམས་འདྲི་དང་བཀའ་དྲིན་ཞུས་ལ། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་དཔྱད་འཇོག་ཡང་བྱས།

ཁོས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་གསོ་སྤེལ་བྱ་བ་ནི། རོང་འབྲོག་ས་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་རྩ་བའི་འོས་འགན་ལ་བརྩི་དགོས་ཤིང་། ཆེས་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱ་བ་ནི་རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་འདེགས་བྱེད་གལ་ཆེན་ཏུ་བརྩིས་ཏེ། དམངས་སྲོལ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལེགས་སྒྲིག་བྱ་བ་གཙོ་གནད་དུ་བཟུང་ནས། ཧུར་བརྩོན་ཆེན་པོས་རོང་འབྲོག་མི་དམངས་ཀྱི་བསམ་པའི་སྤུས་ཚད་མཐོར་འདེགས་དང་རོང་འབྲོག་ཁུལ་གྱི་དཔལ་ཡོན་ཚད་གཞི་ཇེ་མཐོར་གཏོང་དགོས་ཟེར།

ཀྲང་ཞི་མིན་གྱིས་ནན་གྱིས་བསྟན་དོན། སྐར་ལྔའི་རིམ་པ་ཅན་གྱི་དཔལ་ཡོན་ཁྱིམ་ཚང་གསར་འཛུགས་བྱ་བ་ནི་མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་རྨང་གཞིའི་བཟོ་སྐྲུན་ཡིན་པས། ས་གནས་སོ་སོས་རོགས་རེས་མཉམ་ལས་དང་། གཅིག་གསུམ་གཅིག་གི་དམིགས་འབེན་འགན་འཁྲིར་སིམ་འདྲེས་ཡོང་བར་བྱེད་པ། ལམ་ལུགས་འཛུགས་སྐྲུན་གྱི་གནད་འགག་དུས་རིམ་དམ་པོར་འཛིན་པ། དཔེ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བཅས་བྱས་མཐར། རིག་གནས་དམངས་ཕན་བཟོ་སྐྲུན་འཐུས་སྒོ་ཚང་བའི་ངང་བསྒྲུབ་དགོས་པ་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།