ཀྲོང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རོང་འབྲོག་པའི་ཁྱིམ་ཚང59247 ཡུལ་གཞན་དུ་གནས་སྤོར་བའི་ལས་གཞི་ལ་བརྟེན་རང་གི་འཕེལ་རྒྱས་བཀག་རྒྱའི་རི་གསེབ་ལུང་ཁོག་ལས་གནས་སྤོར་པ་དང་རྙིང་ཧྲུལ་ཅན་གྱི་ས་ཁང་དང་ཁ་བྲལ་ཏེ་སོ་ཕག་དང་ཤིང་ལས་གྲུབ་པའི་ཁང་གསར་ནང་གནས་སྤར་བ་དང་། ཁོ་ཚོ་ལ་འཐུང་ཆུ་དཀའ་ཁག་དང་གློག་མེད་པ། བྱིས་པ་སློབ་གྲྭར་འགྲོ་དཀའ་བ། སྨན་ཁང་ལ་འགྲོ་དཀའ་བ་སོགས་ཀྱི་དཀའ་ཁག་སེམས་ཁུར་བྱེད་མི་དགོས་པར་མ་ཟད། ཡོང་སྒོ་འཕར་བའི་བགྲོད་ལམ་ཞིག་ཀྱང་གཏོད་པ་རེད།

དབུལ་ཕོངས་དམངས་ཚོགས་རྣམས་གནས་སྤོར་ཐུབ་པ་དང་བརྟན་འཇགས་ངང་འདུག་ཐུབ་པ་། ཕྱུག་པོར་བསྒྱུར་ཐུབ་པ་བཅས་ཀྱི་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དབུལ་སྐྱོར་སྡེ་ཁག་གིས་གནས་སྤོར་མང་ཚོགས་ཀྱི་རྒྱུན་མཐུད་ཐོན་ལས་ལ་དོ་སྣང་ཆེན་པོ་བྱས་པ་དང། ལོ་གསུམ་གྱི་ནང་། ཞིང་ཆེན་རིམ་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་བཀོད་སྒྲིག་བྱས་སྟེ་ཞིང་མི་འདེབས་པ་དང་ཕྱུགས་མི་སྐྱོང་བ་ཚོར་གྲོང་རྡལ་དང་རྫོང་ནས་གཅིག་གྱུར་གྱིས་དབུལ་ཕོངས་མང་ཚོགས་ལ་དབུལ་སྐྱོར་འཕེལ་རྒྱས་རྒྱུན་མཐུད་ཐོན་ལས་ལས་གཞི75བཀོད་སྒྲིག་བྱས་པ་དང་། བསྡོམས་པས་ཁྱིམ་ཚང་ཁྲི་གཅིག་ལྷག་དང་མི་ཁྲི་བདུན་ལྷག་ལ་དབུལ་སྐྱོར་ཐོབ་པ་རེད།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།