བྱ་འགུལ་སྤེལ་སའི་ཡུལ་དངོས་རྣམ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་རིགས་དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། མི་རིགས་དམངས་ཁྲོད་བཟོ་རྩལ་ལག་ཤེས་ཐོན་རྫས་ཅན་དུ་སྐུལ་འདེད་དང་། ཟོང་རྟགས་ཅན་དུ་འཕེལ་བ། ས་ཁོངས་རིག་གནས་ཐོན་ཁུངས་དེ་རིག་གནས་མ་རྩ་ཅན་དུ་བསྒྱུར་བར་སྐུལ་འདེད་བྱ་ཆེད།  2015ལོའི་ཟླ་12ཚེས་26ཉིན། (ཚོང་ཚོགས་གསེར་བུམ་རྟགས་མའི)བཟོ་རྩལ་གསར་གཏོད་ཐོན་རྫས་དཔྱད་འདེམས་དང་བརྗེ་རེས་བྱ་འགུལ་སྐབས་དང་པོ་མཚོ་སྔོན་གསོ་རིག་དངོས་མང་བཤམས་སྟོན་ཁང་དུ་སྤེལ།

བོད་རང་གི་ཐོན་སྐྱེད་བྱས་པའི་འོ་ཟས་རིགས།

བྱ་འགུལ་འདི་དང་བརྒྱུད་དེ་ས་ཁོངས་རིག་གནས་ཀྱི་ནང་སྙིང་གཏིང་ཟབ་སྒོས་སྔོག་འདོན་དང་ས་གནས་ཀྱི་ཁྱད་ཆོས་འཛོམས་པའི་ལག་ཤེས་བཟོ་ལས་ཐོན་རྫས་ལ་སྐུལ་འདེད། ས་ཁོངས་རིག་གནས་ཀྱི་རྣམ་པ་མངོན་པར་བྱེད་པ། མདོར་ན། མི་རིགས་དམངས་ཁྲོད་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་ཐོན་རྫས་དང་། གསར་བྱུང་ཐོན་རྫས་དག་ལ་རྩལ་འགྲན་གྱི་སྟེགས་བུ་ཞིག་བསྐྲུན་ཏེ།ཁྱད་དུ་འཕགས་པའི་ཐོན་རྫས་ཟོང་རྟགས་ཅན་དུ་འཕར་བ་དང་ས་ཁོངས་རིག་གནས་ཐོན་རྫས་མགྱོགས་མྱུར་སྒོས་གོང་འཕེལ་འབྱུང་བར་དམིགས་པ་ཡིན།

དཔྱད་འདེམས་ཚོགས་པས་ཚོང་ཟོག་སྣ་ཚོགས་ལ་དཔྱད་བསྡུར་བྱེད་བཞིན་པ།

བྱ་འགུལ་ཁྲོད་དུ་རིམ་པ་བཞིན་ཐོག་མར་མདོ་འཛིན་པ་རིག་འཛིན་རྒྱ་མཚོས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་སྐབས་དང་པོའི(ཚོང་ཚོགས་རྟགས་མའི)བཟོ་རྩལ་གསར་གཏོད་ཐོན་རྫས་དཔྱད་འདེམས་དང་བརྗེ་རེས་བྱ་འགུལ་གྱི་འགོ་བཟུང་བ་དང་བྱ་འགུལ་འདིར་ཕེབས་པའི་མགོ་ཁྲིད་དང་སྐུ་མགྲོན་སོགས་རེ་རེ་ངོ་སྤྲོད་བྱས། དེ་ནས་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་འཇིགས་མེད་རྒྱན་མཚན་ལགས་ཀྱིས་བྱ་འགུལ་དང་འབྲེལ་བའི་གསུང་བཤད་གནང་བ་དང་ལྷག་བསམ་ཁོལ་བའི་ངང་ནས་ཕྱོགས་ཡོངས་ཀྱི་སྐུ་མགྲོན་དག་ཕེབས་པར་དགའ་བསུ་ཞུ། མཇུག་ཏུ་བྱ་འགུལ་ཁྲོད་ཞུགས་པའི་ཁེ་ལས་པ་དང་མི་སྒེར་སོ་སོས་ལག་རྩལ་ཐོན་རྫས་དང་ཚོང་ཟོག་གི་ཁྱད་འཕགས་རང་བཞིན་དང་གསར་གཏོད་རང་བཞིན་འགྲེལ་བ་བྱས་པ་བརྒྱུད་ཞིབ་དཔྱད་ཚོགས་པས་ཐོན་རྫས་དཔྱད་བསྡུར་བྱས་ནས་སྐར་གྲངས་འགོད་པ་དང་། མཐར་འགྲེམས་སྟོན་སྟེང་གཟེངས་རྟགས་ཐོབ་པའི་ཁེ་ལས་པ་དང་ལག་རྩལ་པ་དག་ལ་བྱ་དགའ་གནང་།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།