ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས27ཉིན། ཟི་ལིང་ནས་ཡུས་ཧྲུའུ་བར་ཤར་གཏོང་བྱེད་པའི་གནམ་གྲུTV9909བདེ་བླག་ངང་ཡུས་ཧྲུའུ་ལ་ཐོན་པ་དང་། ཡུས་ཧྲུའུ་གནམ་གྲུ་ཐང་གིས་ལོ་འདིའི་ནང་མགྲོན་མི་མི་ཐེངས་ཁྲི19སྣེ་ལེན་བྱས་པ་རེད།

ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། ཡུས་ཧྲུའུ་གནམ་གྲུ་འབབ་ཐང་གིས་ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་གནོད་ཕྱིའི་བསྐྱར་སྐྲུན་ལས་འགན་དང་ལེན་བྱེད་པ་དང་། ཁྱོན་ཡོངས་ནས་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་མཁའ་འདྲེན་འགན་སྲུང་བྱེད་པ་དང་། ཕྱོགས་གཅིག་ནས་སྲིད་གཞུང་དང་གནམ་སྐྱོད་ཀུང་ཟིའི་རོགས་སྐྱོར་སྲིད་ཇུས་བརྩོན་ལེན་བྱེད་པ་སོགས་ཐབས་བརྒྱ་ཇུས་སྟོང་གིས་སྐུ་མགྲོན་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཇེ་མང་དུ་བཏང་། 2013ལོར་གནོད་ཕྱིའི་བསྐྱར་སྐྲུན་མཇུག་རྫོགས་པ་དང་སྐུ་མགྲོན་ཇེ་ཉུང་དུ་སོང་། དེའི་ཐོག་མཐོ་སྒང་གི་གནམ་གྲུ་འབབ་ཐང་འཁོར་སྤྱོད་བྱེད་དཀའ་བའི་གནས་བབ་འོག མཁའ་སྐྱོད་ཀུང་ཟིའི་འཁོར་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། མཚོ་སྔོན་གནམ་གྲུ་འབབ་ཐང་ཀུང་ཟིས་རྒྱབ་སྐྱོར་བྱས་འོག ཡུས་ཧྲུའུ་གནམ་གྲུ་འབབ་ཐང་གིས་ས་གནས་དང་སྲིད་གཞུང་། མཁའ་སྐྱོད་ཀུང་ཟི་བཅས་ལ་མཐུན་སྦྱོར་མཉམ་ལས་བྱས་པ་དང་། ས་གནས་ཀྱི་གནས་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དངོས་ཡོད་གནས་བབ་དང་བསྟུན་ཅི་ཐད་བྱེད་པ། ཚོང་རའི་ཕྱི་ཚོང་ལ་ཤུགས་བསྣན་པ་དང་ལོ་དེར་མགྲོན་མི་སྐྱེལ་འདྲེན་བྱས་ཚད་མི་ཐེངས་ཁྲི10ལས་བརྒལ། 2014ལོར་ཡུས་ཧྲུའུ་གནམ་གྲུ་འབབ་ཐང་གིས་ཡུས་ཧྲུའུ་ནས་ཟི་ལིང་། ལྷ་སའི་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ་མ་ཟད། ཡུས་ཧྲུའུ་ནས་སི་ཁྲོན་བར་གྱི་མཁའ་ལམ་ཡང་ཤར་གཏོང་བྱས་ཤིང་། 2015ལོར་ཕྱི་ཚོང་ཐད་ཤུགས་བསྣན་པ་དང་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་བརྩོན་ལེན་བྱས་པ་མ་ཟད་ཤར་ཕྱོགས་མཁའ་ལམ་ཀུང་ཟི་དང་འཐབ་ཇུས་མཉམ་ལས་གན་རྒྱ་བཞག ལོ་འདིར་ཡུས་ཧྲུའུ་གནམ་གྲུ་འབབ་ཐང་གིས་མགྲོན་མི་མི་ཐེངས་ཁྲི19སྣེ་ལེན་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།