ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་བའི་ནང་མཚོ་སྔོན་གྱིས་ཆེས་ཐོག་མའི་ལོ་ལོན་རྒན་པའི་རྐྱེན་ངན་གོད་ཆག་གི་ཉེན་ཚབས་ལམ་ལུགས་འཛུགས་སྐྲུན་བྱས་པ་ནས་བཟུང་། ཁྱོན་བསྡོམས་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་དྲུག་བཏང་ནས་ལོ་ལོན་རྒན་པའི་རྐྱེན་ངན་གོད་ཆག་གི་ཉེན་ཚབས་ཐོག་མ་ཉོས། རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ་གཏན་སྡོད་མི་གྲངས་ས་ཡ་ལྔ་དང་འབུམ་བརྒྱད་ལྷག་ཡོད་ཅིང་། དེའི་ཁྲོད་དུ་ལོ་ལོན་རྒན་པ་འབུམ་དྲུག་དང་ཁྲི་ལྔ་ལྷག་ཡོད་ལ། ལོ་ལོན་ཅན་ལ་འགྱུར་ཚད་བརྒྱ་ཆའི་བཅུ་གཅིག་ཡན་ལ་སླེབས། ལོ་ལོན་རྒན་པའི་རྐྱེན་ངན་གོད་ཆག་གི་ཉེན་ཚབས་ནི་ཚོང་ལས་འགན་སྲུང་སྡེ་ཁག་གིས་ཉེན་ཚབས་གན་རྒྱ་ལྟར། ཁྱིམ་ཚང་དང་རྒན་གསོའི་ཁང་ནང་གི་ལོ་ལོན་རྒན་པར་རྐྱེན་ངན་གོད་ཆག་གློ་བུར་བ་བྱུང་ནས་མིའི་ལུས་ཕུང་ལ་གནོད་འཚེ་ཐེབས་པ་ན། གཞི་ནས་དེ་ལ་ཁ་གསབ་འཇལ་བའི་ལས་སྒོ་ཞིག་ཡིན། ཁྱིམ་ཐོ་མཚོ་སྔོན་ན་ཡོད་པའམ་ཡང་ན་མཚོ་སྔོན་ནས་ལོ་ངོ་གསུམ་ཡན་ལ་གཏན་སྡོད་བྱས་པའི་ལོ་དྲུག་ཅུའི་ཡན་གྱི་ལོ་ལོན་ཚང་མ་འགན་སྲུང་ལས་རིམ་འདིའི་ཁྲོད་ཞུགས་ཆོག་པ་ཡིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།