ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་ཅུའུ་དང་ནགས་ལས་ཅུའུ་གཉིས་ཀྱིས་ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། «པད་མ་རྫོང་སྨར་ཁོག་ནགས་ཁུལ་དུ་དགུན་དཔྱིད་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མིའི་ཐབས་ཀྱིས་ཆར་འབབ་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི»དང«རྨ་ཆེན་རྫོང་གི་ནགས་ཁུལ་གྱི་དགུན་དཔྱིད་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མིའི་ཐབས་ཀྱིས་ཆར་འབབ་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི»གཉིས་ཀྱི་འཆར་ཟིན་བཀོད་པ་དང་། ཇུས་གཞི་དེར་མགོ་ལོག་ཁུལ་སྲིད་གཞུང་དང་ཞིང་ཆེན་ནགས་ལས་ཐིན། ཞིང་ཆེན་གནམ་གཤིས་ཅུའུ་གསུམ་གྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་མཉམ་དུ་མ་དངུལ་སྒོར་ས་ཡ་གཉིས་ལྷག་གྲབས་གསོག་བྱས་ནས། མགོ་ལོག་ནས་དགུན་དཔྱིད་ཀྱི་ནགས་ཚལ་ལ་མེ་འགོག་བྱེད་པ་དང་མིའི་ཐབས་ཀྱིས་ཆར་འབབ་པའི་ཚོད་ལྟའི་བྱ་བ་སྤེལ། མིག་སྔར། མགོ་ལོག་ཁུལ་གནམ་གཤིས་ཅུའུ་ཡིས་རྨང་གཞིའི་སྒྲིག་ཆས་དང་སྒྲིག་ཆས་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང་། ལས་སྒྲུབ་ས་ཚིགས་ཀྱི་གྲུབ་ཚུལ་ལ་ལེགས་སྒྲིག་བྱེད་པ། རྐྱེན་གཞི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ལས་སྒྲུབ་ནུས་པ་དང་དོ་དམ་ཆུ་ཚད། ལས་སྒྲུབ་ཀྱི་བདེ་སྲུང་ནུས་པ་མཐོར་འདེགས་བྱེད་པར་ཤུགས་བསྣན་པ་མ་ཟད། མགོ་ལོག་ཁུལ་ནགས་ལས་ཅུའུ་དང་པད་མ་རྫོང་སྲིད་གཞུང་། རྨ་ཆེན་རྫོང་སྲིད་གཞུང་། སྨར་ཁོག་ནགས་ལས་ཅུའུ། རྨ་ཆེན་རྫོང་ནགས་ལས་ཅུའུ་སོགས་ས་ཆ་དང་སྡེ་ཁག་སོ་སོའི་གཞོགས་འདེགས་དམ་པོའི་འོག པད་མ་རྫོང་གི་སྨར་ཁོག་དང་རྨ་ཆེན་རྫོང་ནགས་ཁུལ་གྱི་དགུན་དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མིའི་ཐབས་ཀྱིས་ཆར་འབབ་པའི་ཚོད་ལྟའི་བྱ་བ་བདེ་བླག་ངང་སྤེལ་མགོ་བརྩམས། ཚོད་ལྟའི་བྱ་བ་སྤེལ་བ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་གྱི་མེ་འགོག་དང་མིའི་ཐབས་ཀྱིས་ཆར་འབབ་པའི་བྱ་བའི་ཐད་ཉམས་མྱོང་བསྡུ་གསོག་བྱས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།