ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས«མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་བཙོག་བཟོའི་ཕྱོགས་གསུམ་པའི་བཅོས་སྐྱོང་མྱུར་དུ་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར» བཏོན། ཕྱིན་ཆད་གྲོང་ཁྱེར་གྱི་བཙོག་ཆུ་དང་། ཉེན་ཁ་ཆེ་བའི་མཁོ་མེད་བཙོག་རྫས་གནད་སར་བརྩིས་ནས། ས་གནས་དང་གྲོང་ཁྱེར། ས་ཁུལ་གལ་ཆེན་དང་ཞིང་ཆེན་ལ་གཏོགས་པའི་རྒྱལ་དབང་ཁེ་ལས་ནས། སྤྱི་སྤྱོད་ཁོར་ཡུག་ཞབས་ཞུ་དང་ཁོར་ཡུག་བཙོག་བཟོའི་ཕྱོགས་གསུམ་པའི་བཅོས་སྐྱོང་གི་ཚོད་ལྟ་སྤེལ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ཁོར་ཡུག་བཙོག་བཟོའི་ཕྱོགས་གསུམ་པའི་བཅོས་སྐྱོང་བྱ་བ་དེ་ཁོར་ཡུག་སྤྱི་སྤྱོད་ཞབས་ཞུ་དང་། བཟོ་ལས་ས་ཁུལ་ནས་བཙོག་འགྱུར་བྱུང་བ་དང་ལས་རིགས་གཙོ་བོའི་ཁེ་ལས་ཀྱི་བཅོས་སྐྱོང་བྱ་བ་སོགས་ཁྱབ་ཁོངས་ཆེན་པོ་གསུམ་ལ་འབྲེལ་ཡོད། གཙོ་བོ་གྲོང་ཁྱེར་གྱི་བཙོག་ཆུ་ཇེ་གཙང་དུ་གཏོང་བ་དང་། ཉེན་ཁ་ཆེ་བའི་མཁོ་མེད་བཙོག་རྫས་དང་སྨན་བཅོས་བཙོག་རྫས་གཅིག་བསྡུས་ཀྱིས་ཐག་གཅོད་པ། རོང་འབྲོག་ཕྱོགས་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་མེད་པར་གཏོང་བ། སྤྱི་ཚོགས་ཅན་གྱི་ཁོར་ཡུག་ལྟ་སྐུལ་ཚད་ལེན་སོགས་བྱ་བ་གནད་སར་བརྩིས་ནས། བཟོ་ལས་ས་ཁུལ་དང་བཟོ་ལས་གཅིག་བསྡུས་ས་ཁུལ། དེ་མིན་མེ་གློག་དང་། རྣོ་ལྕགས། ཨར་འདམ་སོགས་ལས་རིགས་སོགས་ནས་ཁོར་ཡུག་བཙོག་བཟོའི་བཅོས་སྐྱོང་ཁྲོམ་ར་ཅན་དང་། ཆེད་ལས་ཅན། ཐོན་ལས་ཅན་བཅས་སུ་གཏོང་བ་དང་། ཕན་ནུས་ལྡན་པའི་ཁྲོམ་ར་དང་སྲིད་ཇུས་ཀྱི་ཁོར་ཡུག་ཅིག་སྐྲུན་པ། སྤྱི་ཚོགས་ཀྱི་མ་རྩ་གཏོང་ཤུགས་རྒྱ་བསྐྱེད་པ་དང་། ལོ་རེ་རེར་གནད་ས་ཡོད་པའི་སྒོ་ནས་ཁོར་ཡུག་བཙོག་བཟོའི་ཕྱོགས་གསུམ་པའི་བཅོས་སྐྱོང་བྱེད་རྒྱུ་རེད།

སང་ལོར་བཅོས་སྐྱོང་ཚོད་ལྟའི་བྱ་བ་དེ་བཟོ་ལས་ས་ཁུལ་དང་བཟོ་ལས་གཅིག་བསྡུས་ས་ཁུལ་གྱི་བཙོག་ཆུ་ཐག་གཅོད་པའི་སྒྲིག་ཆས་དང་། མཁོ་མེད་སྲ་གཟུགས་དངོས་རྫས་མེད་པར་གཏོང་བ་དང་ཁེ་ལས་ཁ་ཤས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་ཆས་བཀོལ་སྤྱོད་དང་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་རྒྱ་བསྐྱེད་དེ། གཅིག་གྱུར་གྱིས་སྒོ་འབྱེད་པ་དང་། འགྲན་རྩོད་གོ་རིམ་ལྡན་པ། ཡིད་ཆེས་ཚད་ལྡན་ཡིན་པའི་ཁོར་ཡུག་བཙོག་བཟོའི་ཕྱོགས་གསུམ་པའི་བཅོས་སྐྱོང་ཁྲོམ་རའི་རྐྱེན་སྲོལ་ཅིག་ཆགས་པར་བྱེད་དགོས་པ་མ་ཟད། ཞིང་ཆེན་ནང་ཁུལ་གྱི་ཆེད་ལས་ཅན་གྱི་ཆུ་ཚད་ཅུང་མཐོ་ཞིང་། བདག་གཉེར་དོ་དམ་ནུས་པ་ཅུང་བཟང་བའི་ཕྱོགས་གསུམ་པའི་བཅོས་སྐྱོང་ཁེ་ལས་སྐོར་ཞིག་སྐྱེད་སྲིང་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།