མཚོ་སྔོན་པོ་ལྗོངས་རྒྱུ་ས་ཁུལ་ལ་རྒྱལ་ཡོངས་ཀྱི་དཔལ་ཡོན་སྔོན་ཐོན་ལས་ཁུངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྔོན་ཐོན་ལས་ཁུངས་བདམས་པའི་དཔྱད་སྡུར་མཇུག་འབྲས་ཁྱབ་སྒྲོག་བྱས། རྒྱལ་ཡོངས་སུ་བསྡོམས་པས་དཔལ་ཡོན་སྔོན་ཐོན་ཡུལ་སྐོར་ས་ཁུལ་བརྒྱ་ལྷག་དང་ཡུལ་སྐོར་ལས་ཁུངས་ལྔ་བཅུ། ཟ་ཁང་ཉེར་ལྔ། མཛེས་ལྗོངས་ས་ཁུལ་ཉེར་ལྔ་བཅས་ཡོད། ལྗོངས་རྒྱུ་ས་ཁུལ་བདམས་ཐོན་བྱུང་བའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་མཚོ་སྔོན་ནས་བདམས་ཐོན་བྱུང་བའི་ལྗོངས་རྒྱུ་ཁུལ་གཅིག་པུ་རེད།

ཐེངས་འདིའི་དཔྱད་སྡུར་འདེམ་བསྐོ་ནི་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་རྩ་འཛུགས་བྱས་ནས། རྒྱལ་ཡོངས་སུ་ཁྱད་ཆོས་ཡོད་པ་དང་དཔེ་སྟོན་རང་བཞིན་ལྡན་པའི་དཔལ་ཡོན་ཡུལ་སྐོར་སྔོན་ཐོན་ལས་ཁུངས་ལ་དཔྱད་སྡུར་བྱས་ནས་སྤེལ་བའི་བྱ་འགུལ་ཞིག་རེད། སྔར་ལས་ལྷག་པའི་སྒོ་ནས་ཡུལ་སྐོར་ལས་རིགས་ཀྱི་དཔལ་ཡོན་བྱ་བར་ཡར་སྐུལ་བྱེད་པ་དང་། ཁྱད་ཆོས་ཡོད་པ་དང་སྔོན་ཐོན་རང་བཞིན་ལྡན་པའི་ས་ཁུལ་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། ངེས་པ་དོན་གྱིས་ཡུལ་སྐོར་ལས་རིགས་ལ་ཤུགས་སྣོན་བྱེད་པ། ཡུལ་སྐོར་ལས་བྱེད་པའི་དཔལ་ཡོན་གྱི་འདུ་ཤེས་ཇེ་དྲག་དུ་གཏོང་བ། མང་ཚོགས་ཀྱི་ཡུལ་སྐོར་འདུ་ཤེས་ཇེ་མཐོར་གཏོང་བའི་ཆེད་དུ་རེད།

ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་གྱིས་སྔར་ཡོད་ཀྱི་ཀ་གསུམ་རིམ་པའི་རྨང་གཞིའི་སྟེང་བྱ་བ་ཇེ་ལེགས་སུ་གཏོང་ཆེད། དཔལ་ཡོན་ཡུལ་སྐོར་གྱི་དྲིལ་སྒྲོག་བྱ་བ་སྤེལ་ཏེ། ཡུལ་སྐོར་བྱ་སྤྱོད་ཚད་ལྡན་ཅན་ཅན་དུ་གཏོང་བར་ཤུགས་ཆེན་པོ་བཏོན་པ་དང་། ཧུག་ཐག་སྒོས་དཔལ་ཡོན་ལྗོངས་རྒྱུ་ས་ཁུལ་གྱི་སྣང་བརྙན་ལེགས་པོ་ཞིག་བསྐྲུན་པ། ཡུལ་སྐོར་ལྗོངས་རྒྱུ་ལྟེ་གནས་སོགས་སུ་གཏན་ཁེལ་ལྟར་དཔལ་ཡོན་ལྡན་པའི་ངང་ནས་ཞབས་ཕྱི་བསྒྲུབ་པ། ལྗོངས་རྒྱུ་ཁུལ་གྱི་ཉེན་བརྡའི་གསལ་བརྡ་འཐུས་ཚང་དུ་གཏོང་བ། དཔལ་ཡོན་ལྡན་པའི་ངང་ནས་མཛེས་ལྗོངས་ལ་རོལ་མྱོང་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་།

ཤུགས་ཆེན་པོས་གཞི་རིམ་དུ་ཡུལ་སྐོར་ལས་རིགས་གཉེར་བཞིན་པའི་མང་ཚོགས་ལ་ཡུལ་སྐོར་རིགས་ཀྱི་སྲིད་ཇུས་དྲིལ་སྒྲོག་དང་ནུས་རྩལ་གསོ་སྐྱོང་བྱས་ཏེ། མཚོ་སྐོར་ས་ཁུལ་གྱི་མང་ཚོགས་ཀྱིས་གོ་རིམ་ཡོད་པའི་སྒོ་ནས་ཞིང་སྡེ་ཡི་ཡུལ་སྐོར་གོང་འཕེལ་དུ་གཏོང་བར་སྣེ་ཁྲིད་བྱས། མཚོ་སྔོན་པོའི་ཉེ་འགྲམ་དུ་དཔལ་ཡོན་ལྡན་པའི་ཡུལ་སྐོར་ཁོར་ཡུག་ཅིག་སྐྲུན་ཆེན། ཁོར་ཡུག་ལེགས་སྒྲིག་བྱ་བ་ལག་བསྟར་བྱས་པ་བརྒྱུད། ལྗོངས་རྒྱུ་ཁུལ་གྱི་ཡུལ་སྐོར་ཚོང་ར་དང་ཡུལ་སྐོར་སྒྲིག་ལམ་གྱི་ལྟ་སྐུལ་དོ་དམ་བྱ་བ་བཟང་བོར་བསྒྲུབས།

མཚོ་སྔོན་པོ་ལྗོངས་རྒྱུ་ས་ཁུལ་ལ་རྒྱལ་ཡོངས་ཀྱི་དཔལ་ཡོན་སྔོན་ཐོན་ལས་ཁུངས་ཀྱི་གཟི་བརྗིད་ལྡན་པའི་མཚན་སྙན་ཐོབ་པ་ལས། མཛེས་པའི་མཚོ་སྔོན་དྲིལ་སྒྲོག་དང་མཚོ་སྔོན་པོའི་ཡུལ་སྐོར་ས་ཁུལ་གྱི་སྣང་བརྙན་སྔར་ལས་ལྷག་པའི་སྒོ་ནས་ཇེ་ལེགས་སུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་རིགས་གོང་འཕེལ་དུ་གཏོང་བར་དཔེ་སྟོན་རང་བཞིན་ལྡན་པར་རྨང་གཞི་ལེགས་པོ་ཞིག་བཏང་། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།