མཚོ་བོད་མཐོ་སྒང་དུ་ལས་སྣོན་བྱས་ཟིན་པའི་སྣུམ་ཏུན་ཁྲི16ལྷག་སྐྱེལ་འདྲེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས22ཉིན་བར། ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་གྱི་སྣུམ་གཏེར་ན་གོར་མོ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭས2016ལོ་ནས་ལྕགས་ལམ་དང་གཞུང་ལམ། སྦུབས་ལམ་བཅས་ལ་བརྒྱུད་དེ་བསྡོམས་པས་མཚོ་བོད་མཐོ་སྒང་དུ་ལས་སྣོན་བྱས་ཟིན་པའི་སྣུམ་ཏུན་ཁྲི16.6ལྷག་སྐྱེལ་འདྲེན་བྱས། དེའི་ཁྲོད་ནས་རླངས་སྣུམ་ཏུན་ཁྲི7.8དང་ཁྲའེ་ཡིའུ་སྣུམ་ཏུན་ཁྲི7.7། རྡོ་སྣུམ་གཤེར་གྱུར་རླངས་པ་ཏུན་ཁྲི1.1།  སྦུབས་ལམ་ལ་བརྟེན་ནས་ལྷ་ས་རུ་ལས་སྣོན་བྱས་ཟིན་པའི་སྣུམ་ཏུན9000ལྷག་དང་ཨང་གྲངས-20ཡི་ཁྲའེ་ཡིའུ་སྣུམ་ཏུན2600ལྷག་སྐྱེལ་འདྲེན་བྱས་པས། དཔྱིད་དུས་མཚོ་བོད་མཐོ་སྒང་གི་གནམ་གཤིས་སྡུག་པོའི་འོག་གི་ནུས་ཁུངས་མཁོ་སྤྲོད་ཁག་ཐེག་བྱས། 

  ན་གོར་མོ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭས་མཚོ་སྔོན་དང་བོད་ལྗོངས་ཀྱི་དམག་དོན་ཐད་ལ་མཁོ་བའི་སྣུམ་རིགས་འགན་ཁུར་ཡོད་ལ། 2015ལོ་བཟོ་གྲྭ་འདི་དཔལ་འབྱོར་མར་བབས་པའི་གནོན་ཤུགས་ལ་གདོང་གཏད་དེ་ཐོན་ཁུངས་འདོན་པ་དང་གྲོན་ཆུང་བྱེད་པ་ནས་མགོ་བརྩམས་ཏེ། ཚན་རིག་གསར་སྐྲུན་དང་སྤུས་དག་ཐོན་སྐྱེད། སྒྲིག་གཞི་འཐུས་ཚང་བཏང་པ་སོགས་ཀྱི་ཐད་ནས་ཤུགས་རྒྱབ་པས། ལོ་ཧྲིལ་བོའི་ཡོང་སྒོ་སྒོར་ཁྲི5344འཕར་སྣོན་བྱུང་། ཐེངས་དང་པོར་རྡོ་སྣུམ་བཙོ་སྦྱང་གི་ལས་སྒོར་ཁེ་སྦོགས་ཐོབ།  སྣུམ་རིགས་སྣ་ཚོགས་ཕྱིར་འདྲེན་བྱས་པས་རྫས་འགྱུར་ཐོན་རྫས་ཏུན་ཁྲི200ལྷག་ལ་བརྒལ། ཕྱིར་འདྲེན་ཚད་ལོན་བསྡུར་ཚད100%དང་ཚད་མཇལ་ཡང་དག་བསྡུར་ཚད100%། སྤུས་ཀ་ཞིབ་དཔྱད་ཚད་ལོན་བསྡུར་ཚད100%བཅས་རེད། འདིས་མཚོ་བོད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན་ཡོད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།