མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ཧུར་ཐག་གིས་ཡུལ་སྐོར་ལྗོངས་རྒྱུའི་རྣམ་པ་གསར་བ་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་དང་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱིས་གཏན་ཁེལ་བྱས་པའི་ཚད་གཞི་དང་ས་བབ་ལ་གཞིགས་ཏེ། ཧུར་ཐག་གིས“མཛེས་པའི་མཚོ་སྔོན། ཡིད་འོང་མཚོ་ཤར། མཚོ་བོད་འཇུག་སྒོ”ཞེས་པའི་ཡུལ་སྐོར་ལྗོངས་རྒྱུའི་རྣམ་པ་གསར་བ་བསྐྲུན་ནས། མཚོ་ཤར་གྲོང་ཁྱེར་ནི་མཚོ་བོད་མཐོ་སྒང་གི་རིག་གནས་དང་ཡུལ་སྐོར་གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་དང་ཐུན་མོང་འཕེལ་རྒྱས་ཀྱི་སྔོན་བསྐྱོད་ས་ཁུལ་དུ་བསྐྲུན་རྒྱུ་རེད། སྔོན་དཔག་བྱས་པ་ལྟར་ན། ལོ་ཧྲིལ་བོར་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད10%འཕེལ་རྒྱས་སུ་འགྲོ་རྒྱུ་ཡིན་པ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར35མངོན་འགྱུར་དང་དུས་མཉམ་ལས25%འཕེལ་རྒྱས་སུ་འགྲོ་རྒྱུ་རེད ། 

ཡུལ་སྐོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཆེད། མཚོ་ཤར་གྲོང་ཁྱེར་གྱིས《མཚོ་ཤར་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་སྤྱིའི་འཆར་གཞི》དང 《ཞིན་ཧྭ་རྫོང་ཡུལ་སྐོར་འཕེལ་རྒྱས་སྤྱིའི་འཆར་གཞི》མཚོ་ཤར་ཡུལ་སྐོར་དྲིལ་བསྒྲགས་ཇུས་འགོད་བྱེད་ཐབས་བཅས་བཟོས་ཤིང་། “ཞིང་ཧྭ་ཟ་ལར་ལྗང་མདོག་ཁྱིམ་གཞི5Aརིམ་པའི་མཛེས་ལྗོངས་ཁུལ”འཛུགས་བསྐྲུན་མགོ་བརྩམས་ཤིང་། 《མཚོ་ཤར་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་གཟེངས་བསྟོད་བྱེད་ཐབས》བཟོས་དེ་ཡུལ་སྐོར་གཙོ་གནད་ཆས་རྟགས་གྲུབ་པར་སྐུལ་འདེད་བྱས། གཞན་ད་དུང2016ལོར་རིག་གནས་ཡུལ་སྐོར་རྣམ་གྲངས42ལག་བསྟར་དང་མ་དངུལ་དུང་ཕྱུར19.2དངོས་འབེབས་བྱེད་རྒྱུའི་འཆར་གཞི་ཡོད། 



རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།